འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་6ཉིན།

༄༅།།ཟླ་བ་དང་པོ་ནས་བཞི་པའི་བར་གཞི་ཁྱོན་ཡན་གྱི་མཉམ་འབྲེལ་དྲ་རྒྱའི་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་4.8%འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་06ཉིན། 10:38】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་4ཉིན་གློག་འཕྲིན་འབྱོར་གསལ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་མཉམ་འབྲེལ་དྲ་རྒྱ་དང་འབྲེལ་ཡོད་ཞབས་ཞུའི་ཁེ་ལས་ཀྱིས་མཉམ་འབྲེལ་དྲ་རྒྱའི་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་5970ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་1.5འཕར་ཡོད་པ་རེད།

ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་བརྟན་པོའི་ངང་འཕར་ཞིང་། ཟླ་བ་དང་པོ་ནས་བཞི་པའི་བར་གཞི་ཁྱོན་ཡན་གྱི་མཉམ་འབྲེལ་དྲ་རྒྱའི་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་ཁྱོན་སྒོར་དུང་ཕྱུར་291.5བཏང་བ་དེ་དུས་མཚུངས་ལས་4.8%འཕར་བ་དང་འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་0.2མཐོ་རུ་ཕྱིན་ནས་ཁེ་སྤོགས་སྒོར་དུང་ཕྱུར་417.3བྱུང་ཡོད་པ་རེད།

ས་ཁུལ་དབྱེ་ནས་བལྟས་ན། ཤར་རྒྱུད་ས་ཁུལ་གྱི་མཉམ་འབྲེལ་དྲ་རྒྱའི་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་5351ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་3.5%འཕར་བ་དང་རྒྱལ་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་2ཀྱིས་མཐོ་བ་ཡོད། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གྱི་མཉམ་འབྲེལ་དྲ་རྒྱའི་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་2026ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་8.8%འཕར་ཡོད་པ་རེད།