འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་6ཉིན།

༄༅།།ལྔ་པའི་ཚེས་ལྔའི་ངལ་གསོའི་རིང་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་590.7ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་06ཉིན། 10:43】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་གནས་སྤོས་མི་སེར་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ལྔ་པའི་ཚེས་ལྔའི་ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་སྐབས་བདེ་འཇགས་ནུས་ཆེ་དང་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ལྔ་པའི་ཚེས་ལྔའི་ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་ཐེངས་ཁྲི་590.7རྒྱལ་མཚམས་ནས་འཛུལ་སྒྲོལ་འགན་ལེན་བྱས་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་196.9ཟིན་པ་དེ་ན་ནིང་གི་ལྔ་པའི་ཚེས་ལྔའི་ངལ་གསོའི་དུས་ཚོད་ལས་2.7%འཕར་བ་དང་། ཡ་ཚེས་ལ་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མང་ཤོས་ཟླ་6ཚེས་1ཉིན་ཡིན་པ་དང་ཉིན་དེར་མི་ཐེངས་ཁྲི་208.6ཟིན་ཡོད། རྒྱལ་མཚམས་ནང་འཛུལ་མཁན་ཕྱི་རྒྱལ་བའི་ཁྲོད་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུར་འཚམ་པའི་རྒྱལ་མཚམས་ནང་འཛུལ་མཁན་མི་ཐེངས་ཁྲི་23.1ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་59.4%འཕར་ཡོད་པ་རེད།

གཞན་ཡང་། རྒྱལ་ཡོངས་ཀྱི་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་རྒྱལ་མཚམས་འཛུལ་སྒྲོལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད(གྲུ་གཟིངས་དང་། མེ་འཁོར། རླངས་འཁོར)ཁྱོན་ཁྲི་26.3ལ་དཔྱད་བཤེར་བྱས་པ་དེ་ན་ནིང་གི་དུས་མཚུངས་ལས་10.5%འཕར་ཡོད་པ་རེད།