གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་10ཉིན། 10:25】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་བདེ་ཐང་ཚོད་འཛིན(མི་ན་བ་གནས་པར་བྱ་བ)ལྟེ་གནས་ཀྱི་གཟུགས་པོའི་ལྗིད་ཚད་ཚོད་འཛིན་སྒོ་བསྟེན་སྨན་ཁང་གི་སྒོ་བྱང་བཀལ་ནས་སྨན་བཅོས་བྱེད་འགོ་ཚུགས་ཡོད།
སྒོ་བསྟེན་སྨན་ཁང་དེས་བོད་ཀྱི་གསོ་བ་རིག་པའི་སྲོལ་རྒྱུན“ནད་བརྟག་སྨན་བཅོས་གསུམ”(ལྟ་རེག་དྲི)དེ་གཟུགས་གཞི་ངོས་འཛིན་དང་དེང་རབས་གྲངས་འཛིན་ཅན་གྱི་གཟུགས་དབྱིབས་དབྱེ་ཞིབ་སྒྲིག་ཆས་དང་ཟུང་འབྲེལ་བྱས་པ་བརྒྱུད་ནད་པའི་གཟུགས་གཞི་དང་བདེ་ཐང་གི་ཉེན་ཁ་དབྱེ་འབྱེད་ཐུབ་རྒྱུ་རེད། རྨང་གཞི་དེའི་ཐོག་མི་སོ་སོར་འཚམ་པའི་བོད་སྨན་དང་། ཟས་སྤྱོད། རྣལ་འབྱོར་ཡོ་ག་སོགས་ཀྱི་ནང་དོན་ཚུད་པའི་ཕྱོགས་བསྡུས་ཇུས་གཞི་འོས་འཚམ་བཟོས་ཡོད།