འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་16ཉིན།

༄༅།།ཀྲུང་གོའི་གཞོན་ནུས་ཧན་རྒྱལ་རབས་ཀྱི་ གྱོན་ཆས་གྱོན་པའི་ཚ་རླབས་འཕྱུར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་16ཉིན། 10:00】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཧྲན་ཏུང་ཞིང་ཆེན་ཧོ་ཙེ་གྲོང་ཁྱེར་གྱི་མེ་ཏོག་རབ་ཏུ་བཞད་པའི་ལྡུམ་རའི་ནང་གཞོན་ནུ་མང་པོས་སྲོལ་རྒྱུན་གྱི་ཧན་རྒྱལ་རབས་ཀྱི་གྱོན་ཆས་གྱོན་ནས་པར་རྒྱག་བཞིན་པ་གང་སར་མཐོང་རྒྱུ་ཡོད། ད་ལྟ་ཀྲུང་གོར་མི་དེ་བས་མང་བས་ཧན་རྒྱལ་རབས་ཀྱི་གྱོན་ཆས་གྱོན་ནས་པར་རྒྱག་པ་དང་འབྲེལ་སྤྱི་ཚོགས་འབྲེལ་བའི་སྟེགས་བུ་བརྒྱུད་ནས་བརྒྱུད་སྐུར་བྱེད་ཀྱི་ཡོད། མཛེས་ལྗོངས་ཁུལ་གྱི་མཐའ་འཁོར་དུ་ཧན་རྒྱལ་རབས་ཀྱི་གྱོན་ཆས་བོགས་གཏོང་ཚོང་ཁང་མང་ཞིང་། པར་རྒྱག་མཁན་གྱིས་ཀྱང་དུས་དང་རྣམ་པ་ཀུན་ཏུ་ཆེད་ལས་ཞབས་ཞུ་སྒྲུབ་ཀྱི་ཡོད། དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་ཀྲུང་གོ་བས་སྲོལ་རྒྱུན་རིག་གནས་ཀྱི་ཉམས་འགྱུར་སླར་ཡང་ཚོར་ཏེ་སྲོལ་རྒྱུན་རིག་གནས་ལ་དད་གུས་བྱེད་པའི་ཚ་རླབས་རྒྱུན་མཐུད་ནས་འཕྱུར་བཞིན་ཡོད།

     མི་རིང་བའི་གོང་། ཧོ་ཙེ་གྲོང་ཁྱེར་གྱིས་ལོ་འཁོར་གྱི་ཐོན་རྫས་གསར་པ་ཁྱབ་བསྒྲགས་བྱེད་པའི“ཧན་རྒྱལ་རབས་ཀྱི་གྱོན་ཆས་རིག་གནས་དུས་ཆེན”གཉེར་ཞིང་། ཧན་རྒྱལ་རབས་དང་མིང་རྒྱལ་རབས་སོགས་ཀྱི་གྱོན་ཆས་གྱོན་པའི་མོ་ཐྲོལ་གྱིས་རེས་མོས་སུ་གར་སྟེགས་ཐོག་བསྐྱོད་ཡོད། ས་གནས་དེ་གའི་དཔོན་རིགས་ཀྱིས་གྲོང་ཁྱེར་དེར་གསར་གཏོད་ཇུས་འགོད་དང་། ཐོན་སྐྱེད། བྲིན་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཧན་རྒྱལ་རབས་ཀྱི་གྱོན་ཆས་ཐོན་ལས་ཚོགས་པ་གྲུབ་འདུག་ཅེས་བཤད་པ་རེད།

     ལི་ཙི་ལེ་ནི་ཧོ་ཙེ་གྲོང་ཁྱེར་ཚའོ་རྫོང་ཡིའུ་ཨའེ་ཡུན་ཚང་ཧན་རྒྱལ་རབས་ཀྱི་གྱོན་ཆས་རྟེན་གཞིའི་འགན་འཁུར་བ་རེད། དེ་ནི་ཀྲུང་གོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཧན་རྒྱལ་རབས་ཀྱི་གྱོན་ཆས་འཚེམ་བཟོ་དང་བྲིན་ཚོང་ཁེ་ལས་ཀྱི་གྲས་ཤིག་རེད། ཁོང་དེ་སྔ་རི་པིན་དུ་སློབ་སྦྱོང་བྱེད་མྱོང་བ་དང་སློབ་གྲྭ་ཆེ་མོར་གཉེར་སྐྱོང་ཆེད་ལས་སློབ་སྦྱོང་བྱས་ཡོད། ལི་ཙི་ལེ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་མ་བསྐྱོད་གོང་ཕ་ཡུལ་དུ་ཧན་རྒྱལ་རབས་ཀྱི་གྱོན་ཆས་སོགས་སྲོལ་རྒྱུན་གྱི་གྱོན་ཆས་གྱོན་མཁན་མཐོང་དཀོན་མོད། འོན་ཀྱང་རི་པིན་དུ་རྟག་ཏུ་བག་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་སོགས་སུ་རི་པིན་གྱི་ཕྱུ་པ་གྱོན་མཁན་མང་པོ་ཡོད། —— རི་པིན་གྱི《རི་པིན་ནུབ་མའི་གསར་འགྱུར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།