འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་16ཉིན།

༄༅།།ཆེད་གཏོང་མེ་འཁོར་བཏང་བ་ལས་མཚོ་སྔོན་འདི་ཉིད་ནུབ་རྒྱུད་ཡུལ་སྐོར་གྱི“བར་བརྒྱུད་ས་ཚུགས”རྩེ་གྲར་གྱུར་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་16ཉིན། 10:03】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། 2019ལོ་ནས་ད་བར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་ཆེད་གཏོང་མེ་འཁོར་171བཏང་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་5.07སྐྱེལ་འདྲེན་བདེ་འཇགས་བྱུང་བའི་ནང་ཤིན་ཅང་དུ་བསྐྱོད་པའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་14དང་བོད་དུ་བསྐྱོད་པའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་61ཡོད་པ་དང་། འགྲུལ་པ་35000ཙམ“མངག་བཟོ་ཅན”གྱི་ཆེད་གཏོང་མེ་འཁོར་ལ་བསྡད་དེ་མཚོ་སྔོན་བརྒྱུད་བོད་དང་ཤིན་ཅང་དུ་བསྐྱོད་ཡོད།

    ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་ཆེད་གཏོང་མེ་འཁོར་གྱིས་དམིགས་བསལ་བརྗོད་དོན་གཙོ་བོ་དང་། རྒན་རྒོན་ལ་འཚམ་པའི་ཞབས་ཞུ། དེ་བཞིན་སྣ་མང་ཐོན་རྫས་བཅས་ལ་བརྟེན་ནས་ཁྲོམ་རའི་དགོས་མཁོ་བསྐངས་པས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད། མཚོ་སྔོན་འདི་ཉིད“ཤར་ནུབ་སྦྲེལ་མཐུད་དང་ཤིན་བོད་སྦྲེལ་མཐུད”ཀྱི་ས་གནས་ཡིན་པའི་ལེགས་ཆར་བརྟེན་ནས་ནུབ་རྒྱུད་ཡུལ་སྐོར་གྱི“བར་བརྒྱུད་ས་ཚིགས”རྩེ་གྲར་གྱུར་ཡོད། བོད་དང་ཤིན་ཅང་དུ་བསྐྱོད་པའི་ལྟེ་བའི་སྒོ་མོ་ཡིན་པ་མ་ཟད། ཀྲུང་གོའི་ཤར་རྒྱུད་དང་ནུབ་རྒྱུད་དང་། ལྷོ་ནུབ་དང་ནུབ་བྱང་། ནང་ས་དང་མཐའ་མཚམས་བཅས་སྦྲེལ་མཐུད་བྱེད་པའི་མཚོ་བོད་ས་མཐོའི་ལྕགས་ལམ་འགྲིམ་འགྲུལ་ལྟེ་གནས་ཆེ་ཤོས་ཡིན་པའི་ཟི་ལིང་མེ་འཁོར་བབས་ཚུགས་ཀྱིས“ལྕགས་ལམ་དང་ཡུལ་སྐོར་ཟུང་འབྲེལ”གྱི་མཉམ་འདྲེས་འཕེལ་རྒྱས་ཁྲོད་ལྟེ་བའི་འབྲེལ་ཐག་གི་ནུས་པ་བཏོན་ཏེ། ཤིན་ཅང་དང་བོད་ཀྱི་འགྲིམ་འགྲུལ་སྟབས་བདེ་པོ་མེད་པའི་འཆིང་རྒྱ་རྨང་ནས་གཏོར་ཏེ། “མེ་འཁོར་ལ་བསྡད་ནས་ནུབ་རྒྱུད་དུ་ཡུལ་སྐོར་ལ་བསྐྱོད་རྒྱུ”མངོན་འགྱུར་བྱུང་ཡོད། ཡུལ་སྐོར་ཆེད་གཏོང་མེ་འཁོར་གཏོང་འགོ་ཚུགས་པ་དང་བསྟུན་ནས་ཀྲུང་གོའི་ས་གནས་ཁག་གི་ཡུལ་སྐོར་བ་མང་པོ་གཅིག་མཇུག་གཉིས་མཐུད་དུ་ཡོང་སྟེ། ལམ་རྒྱུད་ས་ཁུལ་དུ་རྫོགས་མཐའ་མེད་པའི་འཕེལ་རྒྱས་ཀྱི་གསོན་ཤུགས་བསྣན་ནས། ཞག་སྡོད་དང་། བཟའ་བཏུང་། རིག་གནས་བསམ་བཀོད་སོགས་ཐོན་ལས་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་ཁྲིད་བྱས་ཡོད།