གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་20ཉིན། 09:53】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་15ཉིན། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་དུ“ཆུ་འགོ་ཁུན་ལུན་འདེད། མཚོ་སྔོན་ཁུན་ལུན་རིག་གནས་ཀྱི་རིག་ཚན་མང་བའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་སྒོ”སྤེལ་འགོ་ཚུགས་ཤིང་། ཚན་རིག་རྟོག་ཞིབ་ནང་ས་གནས་ས་ཐོག་གི་རྟོག་ཞིབ་དང་། ཚད་ལྡན་ཡིག་ཆ་གསེད་བཀྲོལ། ལག་རྩལ་གསར་གཏོད་བཅས་བརྒྱུད་ཁུན་ལུན་རིག་གནས་ཀྱི་གཞི་རྒྱུ་དང་མཚོན་རྟགས་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས་ནས་མཚོ་སྔོན་གྱི་སྣ་མང་གཞི་གཅིག་ཅན་གྱི་ཀྲུང་ཧྭའི་རིག་གནས་དང་ལོ་རྒྱུས་ཀྱི་འཕེལ་རྒྱུན་ལ་གསལ་འགྲེལ་བྱས་ནས་མངོན་པར་བྱ་རྒྱུ་རེད།
ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་བྱེད་སྒོ་ནི་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གིས་2025ལོའི་ལོ་འགོར་གཏན་འཁེལ་བྱས་པའི་ཆེད་དོན་རྣམ་གྲངས་གལ་ཆེན་ལ་གཞིགས་ནས《ཁུན་ལུན་རིག་གནས་ཀྱི་རིག་ཚན་མང་བའི་ཕྱོགས་བསྡུས་རྟོག་ཞིབ་ཞིབ་འཇུག》སྒྲིག་འཛུགས་བྱས་ནས་ལག་ལེན་བསྟར་བ་ཞིག་རེད། ཚན་རིག་རྟོག་ཞིབ་ཀྱི་དུས་ཡུན་ཉིན་11ཡིན་པ་དང་། ཚན་རིག་རྟོག་ཞིབ་རུ་ཁག་གིས་ཁུན་ལུན་རི་བོ་དང་། གཡུ་ཤིག་རི་བོ། རྨ་ཆུའི་ཆུ་འགོ མཚོ་སྐྱ་རེངས། མཚོ་སྔོ་རེངས་སོགས་སུ་རྟོག་ཞིབ་བྱ་རྒྱུ་རེད།