གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་20ཉིན། 10:10】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུས་དང་། ཞིང་ཨུད་དྲིལ་བསྒྲགས་པུའུ། ཞིང་ཆེན་ཁྲིམས་འཛིན་ཐིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་ཚན་རྩལ་མཐུན་ཚོགས་སོགས་སྡེ་ཚན་ལྔས་མཉམ་དུ《“ཟློས་གར་ཐུང་གྲས་+”བྱ་སྤྱོད་འཆར་གཞིའི་ལག་བསྟར་ཇུས་གཞི་བཀྲམ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ཞིང་ཆེན་ཡོངས་སུ“ཟློས་གར་ཐུང་གྲས་+”གསར་རྩོམ་འཆར་གཞི་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་ཡིན་པ་རེད།
“ཟློས་གར་ཐུང་གྲས་+”གསར་རྩོམ་འཆར་གཞིའི་ནང་ཕྱོགས་བདུན་ཚུད་པའི་ནང་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་སྔོག་འདོན་དང་བེད་སྤྱོད་བྱས་ཏེ“ཟློས་གར་ཐུང་གྲས་དང་མཉམ་དུ་མཚོ་སྔོན་དུ་ཡུལ་སྐོར་ལ་སྐྱོད”ཅེས་པའི་དར་སྲོལ་གསར་པ་དང་བསྟུན་པའི“ཟློས་གར་ཐུང་གྲས་དང་མཉམ་དུ་ཡུལ་སྐོར་དུ་སྐྱོད་པ”དང་། མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཀྱི་དོན་ཚན་དང་དཔེ་མཚོན་གྱོད་དཔེའི་བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུར་དམིགས་པའི“ཟློས་གར་ཐུང་གྲས་དང་མཉམ་དུ་བཅའ་ཁྲིམས་སྦྱོང་བ” མཚོ་སྔོན་གྱི་ཚན་རྩལ་གསར་གཏོད་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་འཚོལ་ཞིབ་ནུས་ལྡན་བྱེད་པའི“ཟློས་གར་ཐུང་གྲས་དང་མཉམ་དུ་ཚན་རིག་ཁྱབ་གདལ་གཏོང་བ” རིག་གནས་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ལ་དམིགས་ནས་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་དང་ཟུང་འབྲེལ་བྱེད་པའི“ཟློས་གར་ཐུང་གྲས་དང་མཉམ་དུ་ཕུལ་བྱུང་རྩོམ་རིག་སྦྱོང་བ” མཚོ་སྔོན་གྱི་སྤུས་རྟགས་གསར་གཏོད་འཕེལ་རྒྱས་ཀྱི་གཏམ་རྒྱུད་བརྗོད་པའི“ཟློས་གར་ཐུང་གྲས་ནང་ནས་སྤུས་རྟགས་ལ་ལྟ་བ” མཚོ་སྔོན་གྱི་མངོན་མིན་རིག་གནས་ཤུལ་བཞག་ཐོན་ཁུངས་ལ་དམིགས་ནས་མཚོ་སྔོན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཛེས་པ་འཚོལ་ཞིབ་བྱེད་པའི“ཟློས་གར་ཐུང་གྲས་ནང་ནས་མངོན་མིན་རིག་གནས་ཤུལ་བཞག་ལ་ལྟ་བ” མཚོ་སྔོན་གྱི་རྨ་ཆུའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པའི“ཟློས་གར་ཐུང་གྲས་ནང་ནས་རྨ་ཆུར་ལྟ་བ”བཅས་ཚུད་ཡོད།
འཆར་གཞི་དེས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བར་དམིགས་པ་དང་། མཚོ་སྔོན་གྱི“རིག་གནས་ལྔ”གསོ་སྐྱོང་དང་དར་སྤེལ་གཏོང་རྒྱུར་དམིགས་ནས། “རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན”ཞེས་པའི་མཚོན་རྟགས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་དྲ་རྒྱའི་ལྟ་ཉན་ནང་དོན་གྱི་ལེགས་ཆ་བརྒྱུད་ལས་རིགས་མང་པོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ་དང་། རྒྱུགས་འབོར་གྱི་ལེགས་ཆ་སྔར་ལས་ལྷག་པའི་སྒོ་ནས་ཐོན་ལས་དང་ཁྲོམ་རའི་ལེགས་ཆར་འགྱུར་རྒྱུར་ཁྲིད་སྟོན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་ཀྱིས་མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལེགས་པར་སྐོང་རྒྱུ་རེད།