འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་20ཉིན།

༄༅།།མཁོ་སྤྲོད་འཁོར་འབྲེལ་འགྲེམས་ཚོགས་སྐབས་གསུམ་པ་པེ་ཅིང་དུ་འཚོག་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་20ཉིན། 10:14】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་16ནས་20ཉིན་བར། ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་འགྲེམས་ཚོགས་སྐབས་གསུམ་པ་པེ་ཅིང་དུ་འཚོག་རྒྱུ་ཡིན་ཞིང་། ཟླ་6ཚེས་17ཉིན། རྒྱལ་ཁབ་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡུས་ཅན་ལུང་གིས། མཁོ་སྤྲོད་འཁོར་འབྲེལ་འགྲེམས་ཚོགས་སྐབས་གསུམ་པའི་བརྗོད་དོན་གཙོ་བོ་ནི“འཛམ་གླིང་སྦྲེལ་མཐུད་བྱེད། འབྱུང་འགྱུར་མཉམ་དུ་གཏོད”ཅེས་པ་དེ་རེད། མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་དང་འཕེལ་རྒྱས་གྲོས་ཚོགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་བཅའ་ཁྲིམས་ཨུ་ལྷན། འཛམ་གླིང་ཤེས་རིག་བདག་དབང་རྩ་འཛུགས། རྒྱལ་སྤྱིའི་ཚོང་དོན་ལྟེ་གནས། རྒྱལ་སྤྱིའི་ཚོང་ཚོགས་བཅས་རྒྱལ་སྤྱིའི་རྩ་འཛུགས་ལྔ་ཡིས་རྒྱབ་སྐྱོར་ཚན་པའི་འགན་འཁུར་གྱི་ཡོད། མཐའ་འཁོར་རྒྱལ་ཁབ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་ཀྲུང་གོ་དང་ཐེ་ལན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་ཆེད། ཐེ་ལན་དེ་ཉིད་སྐབས་འདིའི་འཁོར་འབྲེལ་འགྲེམས་ཚོགས་ཀྱི་གཙོ་མགྲོན་རྒྱལ་ཁབ་ཀྱི་འགན་འཁུར་བར་གདན་དྲངས་ཤིང་། གཞན་ཡང་ཧྲན་ཏུང་ཞིང་ཆེན་དང་ཀོང་ཏུང་ཞིང་ཆེན་གྱིས་གཙོ་མགྲོན་ཞིང་ཆེན་གྱི་འགན་འཁུར་རྒྱུ་རེད་ཅེས་ངོ་སྤྲོད་བྱས།