འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་24ཉིན།

༄༅།།ཀྲུང་གུང་སྐུ་ཚབ་ཚོགས་པས་རི་པིན་ལ་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་24ཉིན། 13:35】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའོ་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། 2025ལོའི་ཟླ་6ཚེས་18ནས་20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་ཨུ་ཡོན་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཆུས་ཆིང་ཧྲན་གྱིས་ཀྲུང་གུང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་རི་པིན་ལ་འཚམས་འདྲི་གནང་བ་དང་། 《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་གནད་བསྡུས》ཀྱི་རི་པིན་གྱི་དཔར་མའི་པར་ཕུད་འགྲེམས་པའི་མཛད་སྒོ་དང“གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཀྲུང་གོའི་ཇུས་གཞིའི”སྤེལ་རེས་བགྲོ་གླེང་ཚོགས་འདུར་ཞུགས་པ། རི་པིན་རང་མོས་དམངས་གཙོ་ཏང་གི་ལས་འཛིན་དཔོན་སེན་ཧྲན་ཡུས་དང་ཀུང་མིང་ཏང་གི་འགོ་གཙོ་ཆི་ཐེང་ཐེ་ཧྥུའུ་དང་དེ་བཞིན་ལས་བྱ་དཔོན་ཤིས་ཐེན་ཧྲེ་རེན། དབུ་བཞུགས་བློན་ཆེན་ཟུར་པ་ཅིའུ་ཧྲན་ཡིའུ་ཅི་ཧྥུའུ། ཅིང་ཏུའུ་ཧྥུའུ་ཡི་དབྱི་ཀྲང་ཧོང་ཅོན་ལུང་སན་སོགས་དང་མཇལ་འཛོམས་གནང་ནས་ཀྲུང་རིའི་འབྲེལ་བ་དང་རྒྱལ་ཁབ་གཉིས་པོའི་ཏང་དབར་གྱི་འགྲོ་འོང་སོགས་སྤེལ་རེས་གཏིང་ཟབ་གནང་བ་རེད།

   ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ་ཁྱབ་ཁོངས་ཁག་དབར་སྤེལ་རེས་མཉམ་ལས་གཏིང་ཟབ་ཀྱིས་ཀྲུང་རིའི་འཐབ་ཇུས་ལས་ཕན་ཚུན་ཕན་པ་ཐོབ་པའི་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།