གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་27ཉིན། 13:31】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུ་སྤྲེའུ་མཇུག་རིང་གཉིས་ཀྱིས་ཤིང་སྡོང་སྟེང་ངལ་གསོ་བཞིན་པ།
ཧི་མ་ལ་ཡའི་སྤྲེའུ་མཇུག་རིང་ནི་ཀྲུང་གོའི་རྒྱལ་ཁོངས་སུ་ཧ་ཅང་ཉུང་ཉུང་ཡིན་ཞིང་། མང་ཆེ་བ་བོད་ལྷོ་རྒྱུད་ཀྱི་མེ་ཏོག་དང་། གྲོ་མོ། སྐྱིད་གྲོང་སོགས་ཀྱི་ནགས་ཚལ་དུ་འཚོ་སྡོད་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲུང་སྐྱོབ་སྲོག་ཆགས་ཤིག་རེད།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་བསྟུན་ནས་སྐྱེ་ཁམས་ཁོར་ཡུག་ཉིན་བཞིན་ཡག་ཏུ་འགྲོ་བཞིན་ཡོད། ད་ཆ་རི་གཤམ་དུའང་གྲོང་མི་དང་ཡུལ་སྐོར་བས་སྤྲེའུ་མཇུག་རིང་གང་སར་མཐོང་ཐུབ་ནས་ཁྱད་ལྡན་གྱི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།