གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་27ཉིན། 13:36】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་6ཚེས་25ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། གསར་འགོད་པར་ཟླ་6ཚེས་25ཉིན་རྒྱལ་ཡོངས་ཀྱི“ས་ཆའི་ཉིན་མོ”35པའི་གཉེར་ཁུལ་གཙོ་བོའི་བྱེད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར། 2021ལོ་ནས་2024ལོ་བར། རྒྱལ་ཡོངས་ཚན་པའི་GDPའཛུགས་སྐྲུན་ས་སྤྱོད་རྒྱ་ཁྱོན(ཏི་ཧའོ)རིམ་རྩིས་བརྒྱབ་ན་15.97%ཆག་ནས“ལོ་ལྔ་ཚན་བཅུ་བཞི་པའི”སྔོན་དཔག་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཉར་གསོག་ས་ཆ་མང་ཆེ་བ་གྲོང་ཁྱེར་འཛུགས་སྐྲུན་ཁུལ་དུ་གནས་ཤིང་། འབྲེལ་ཡོད་ཀྱི་ལེ་ལག་ཅུང་ཆ་ཚང་བ་དང་། ཉར་གསོག་བྱས་པའི་ས་ཆ་དང་ཕན་ནུས་ཆུང་བའི་ས་ཆ་ཕན་སྒྱུར་བྱེད་པ་ནི་དམངས་ལ་ཕན་འདོགས་པ་དང་། ནང་མཁོ་རྒྱ་སྐྱེད་གཏོང་བ། འཁོར་རྒྱུག་ཤར་བགྲོད་བྱེད་པ་བཅས་ཀྱི་འགག་རྩའི་བྱེད་ཐབས་ཤིག་རེད། རང་བྱུང་ཐོན་ཁུངས་སྡེ་ཚན་གྱིས་ཕན་ནུས་ཆུང་བའི་ས་ཆ་བསྐྱར་དུ་གསར་སྤེལ་དང་བེད་མེད་ཀྱི་ཉར་གསོག་ས་ཆ་ཐག་གཅོད་འོས་འཚམ་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་འཕེལ་བར་བྱས་ཡོད།
2023ལོའི་ཟླ་9པ་ནས་བཟུང་། རང་བྱུང་ཐོན་ཁུངས་པུས་ཕན་ནུས་ཆུང་བའི་ས་ཆ་བསྐྱར་དུ་ཚོད་ལྟའི་ངང་གསར་སྤེལ་བཀོད་སྒྲིག་བྱས་ཏེ། ད་ལོའི་ཟླ་4པའི་ཟླ་མཇུག་བར། ཚོད་ལྟའི་གྲོང་ཁྱེར་གྱིས་ངེས་གཟུང་བྱས་པའི་ཕན་ནུས་ཆུང་བའི་ས་ཆ་རིམ་རྩིས་བརྒྱབ་ན་ས་ལྷེབ་ཁྲི་19.38དང་མུའུ་ཁྲི་320.18ཟིན་པ་དང་། ས་ལྷེབ་ཁྲི་5.05དང་མུའུ་ཁྲི་170.47བསྐྱར་དུ་གསར་སྤེལ་བྱས་ཡོད།