གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་01ཉིན། 13:48】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་དུ་གནས་པའི་ཀྲུང་གོའི་རྡུལ་ཕྲན་འབར་མདེལ་གྲོང་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཡིན་ཞིང་། ཀྲུང་གོའི་རྡུལ་ཕྲན་འབར་མདེལ་དང་པོ་དེ་གར་ཐོན་པ་དང་ཀྲུང་གོའི་ཉིང་རྡུལ་ཚ་བའི་མཚོན་ཆ་དང་པོའང་དེ་གར་ཞིབ་བཟོ་ལེགས་གྲུབ་བྱུང་ཡོད།
ད་ཆ་དེ་སྔའི་ལྐོག་འགྱུར་དང་དཔོག་དཀའ་ལ་སྐོར་སྲུང་ནན་པའི་རྡུལ་ཕྲན་འབར་མདེལ་གྲོང་དེ་ཉིད་ཐེངས་མང་ཉམས་གསོ་བྱས་རྗེས་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་རྒྱས་ཏེ་རྒྱལ་གཉེར་བཟོ་གྲྭ་རེ་རེའི་རྗེས་ཤུལ་རྙིང་པ་དང་། མཚོ་སྔོན་གྱི་རྡུལ་ཕྲན་འབར་མདེལ་གྲོང་གི་དྲན་གསོ་ཁང་། མཚོ་སྔོན་གྱི་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་བཅས་ཚུད་པའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་རྟེན་གཞིར་གྲུབ་ནས་གསར་བརྗེའི་ཡུལ་སྐོར་གྱི་གནས་མཆོག་གྲགས་ཅན་ཞིག་ཏུ་གྱུར་ཡོད། འདི་ནི་ཡུལ་སྐོར་བས་མཚོ་སྔོན་གྱི་རྡུལ་ཕྲན་འབར་མདེལ་གྲོང་གི་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།