གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་01ཉིན། 14:00】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ནི་ཟླ་7ཚེས་24ཉིན་གྲུང་དཔལ(གཡོན་གྱི་གཉིས་པ)དང་ལས་དོན་པས་རྒྱལ་ཐང་གྲོང་ཁྱེར་གྱི་བེ་ཤ་ཉོ་ཚོང་ཁྲོམ་རར་སྐྱིད་བདེ་གྲོང་ཚོའི་བེ་ཤ་ཚོང་བཞིན་པ།
འདི་ནི་ཟླ་7ཚེས་25ཉིན་གྱི་ཞོགས་པར་རྒྱལ་ཐང་གྲོང་ཁྱེར་སྐྱིད་བདེ་གྲོང་ཚོའི་ཡུལ་མི་ལྷ་མོ་གཡང་འཛོམས་ཀྱིས་བེ་ཤ་འཐུ་བཞིན་པ།
ཟླ་བ་བདུན་པར། ཡུན་ནན་ཞིང་ཆེན་རྒྱལ་ཐང་གྲོང་ཁྱེར་དུ་གནས་པའི་བོད་རིགས་ཀྱི་གྲོང་སྡེ་སྐྱིད་བདེ་གྲོང་ཚོའི་ཡུལ་མི་རྣམས་ཀྱིས་བེ་ཤ་འཐུ་འགོ་ཚུགས་པ་དང་། ཡུལ་ལུང་དེ་ནས་ཐོན་པའི་བེ་ཤ་སྐད་གྲགས་ཆོད་ཡོད། སྐྱིད་བདེ་གྲོང་ཚོའི་བེ་ཤ་ཉོ་ཚོང་བྱེད་མཁན་རྣམས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ལས་ལ་བྲེལ་བཞིན་ཡོད།
བེ་ཤ་ཉོ་ཚོང་བྱེད་མཁན་གྲུང་དཔལ་1990ལོར་སྐྱིད་བདེ་གྲོང་ཚོར་སྐྱེས་པ་དང་ལོ་5ལ་སླེབས་པ་ནས་བཟུང་རྒན་རབས་ཚོའི་རྗེས་འབྲངས་ཏེ་རི་འགོར་བེ་ཤ་འཐུ་བར་བསྐྱོད། 2017ལོར། གྲུང་དཔལ་སློབ་གྲྭ་ནས་ཐོན་རྗེས་རྒྱལ་ཐང་དུ་ལོག་སྟེ་གྲོང་ཚོའི་ནང་གི་དྲ་ཐོག་ཚོང་དོན་ལ་བརྟེན་ནས་བེ་ཤ་ཚོང་མཁན་གྱི་གཞོན་ནུ་ཞིག་ཏུ་གྱུར། ཁོང་གིས་ལག་ལེན་དངོས་ལ་བརྟེན་ནས་ཕ་ཡུལ་ལ་འགྱུར་ལྡོག་བཏང་བ་མ་ཟད། 2019ལོར་ཁོང་སྐྱིད་བདེ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པར་ཡང་བདམས་ཐོན་བྱུང་ཡོད།