གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་14ཉིན། 14:22】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་8ཚེས་13ཉིན་གྱི་དགོང་མོར། ཡུན་ནན་ཞིང་ཆེན་ཏ་ལི་གྲོང་ཁྱེར“8·9”འཚོལ་སྐྱོབ་ལས་དོན་ཚོ་ཆུང་གིས་བརྡ་ཁྱབ་གཏོང་དོན། ཚེས་13ཉིན་གྱི་ཆུ་ཚོད་17ཡས་མས་སུ་རོགས་སྐྱོབ་མི་སྣས་ཏ་ལི་གྲོང་ཁྱེར་ཏ་ལི་གྲོང་རྡལ་ཆིང་པི་ཞི་བྱང་ཕྱོགས་ཀྱི་རྫ་ཆུ་རུ་སྔོན་མར་བོར་སོང་བའི་བྱིས་པ་དེ་རྙེད་པ་དང་། ཚེ་སྲོག་ལུས་རྟགས་མེད་པར་གྱུར་ཟིན།
བརྡ་ཁྱབ་ནང་བསྟན་དོན། ཟླ་8ཚེས་9ཉིན། བྱིས་པ་ལོ་8ཅན་ཞིག་ཏ་ལི་གྲོང་རྡལ་དབྱང་ཧོ་ཇ་བཟོ་གྲྭའི་ཉེ་འགྲམ་ནས་བོར་སོང་བ་དང་། ཏ་ལི་གྲོང་ཁྱེར་གྱིས་འཕྲལ་མར་འཕྲལ་སྡོམ་དང་ལེན་ལམ་སྲོལ་ལག་བསྟར་བྱས་ནས་སྤྱི་བདེ་དང་། མེ་གསོད་རོགས་སྐྱོར། ནགས་ཚལ་མེ་གསོད། འཕྲལ་བསྟུན། ནགས་ཚལ་དང་རྩྭ་ས་སྲུང་སྐྱོབ། ཏ་ལི་ནམ་མཁའ་རོགས་སྐྱོབ་རུ་ཁག ཏ་ལི་རི་ཁུལ་རོགས་སྐྱོབ་རུ་ཁག་སོགས་རོགས་སྐྱོབ་དཔུང་ཁག་དང་ལས་བྱེད་མི་སྣ། དང་བླངས་པ་བཅས་སྒྲིག་འཛུགས་བྱས་ནས་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་ལས་དོན་སྤེལ་བ་རེད།
ཟླ་8ཚེས་13ཉིན་གྱི་ཆུ་ཚོད་17ཡས་མས་སུ། རོགས་སྐྱོབ་མི་སྣས་ཏ་ལི་གྲོང་རྡལ་ཆིང་པི་ཞི་བྱང་ཕྱོགས་ཀྱི་རྫ་ཆུ་རུ་བྱིས་པ་དེ་མཐོང་བ་དང་། ཚེ་སྲོག་ལུས་རྟགས་མེད་པར་གྱུར་ཟིན། ཡུལ་དངོས་རྩད་ཞིབ་དང་ཕྱོགས་བསྡུས་བརྟག་དཔྱད་བྱས་པ་བརྒྱུད། ཕྱི་ཤུགས་ཀྱིས་རྨས་སྐྱོན་བཟོས་ནས་ཚེ་ལས་འདས་པ་དང་། ཉེས་དོན་གྱོད་གཞི་སོགས་མིན་པ་ཕལ་ཆེར་དོགས་སེལ་བྱས་ཟིན།
ཏ་ལི་གྲོང་ཁྱེར་གྱི“8·9”འཚོལ་སྐྱོབ་ལས་དོན་ཚོ་ཆུང་གིས་ཕྲུ་གུ་དེ་རྐྱེན་ལམ་དུ་ཤོར་བར་གདུང་སེམས་མཉམ་སྐྱེས་བྱས་ཤིང་། སྙིང་ཐག་པ་ནས་ཁྱིམ་མི་ཚོར་འཚམས་འདྲི་ཞུས་པ་དང་། དུས་མཚུངས་སྤྱི་ཚོགས་ལས་རིགས་ཁག་གིས་འཚོལ་སྐྱོབ་བརྒྱུད་རིམ་ཁྲོད་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན།
འབྲེལ་ཡོད་རྗེས་མཐུད་ལས་དོན་ད་དུང་སྤེལ་བཞིན་ཡོད།