གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་26ཉིན། 15:12】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་8ཚེས་6ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་ནས། རྒྱ་གར་གྱིས་“ཐད་ཀར་རམ་གཞན་བརྒྱུད་ཀྱི་རྣམ་པའི་ཐོག་ནས་ཨུ་རུ་སུའི་རྡོ་སྣུམ་ནང་འདྲེན་བྱེད་ཀྱི་ཡོད་པར་”ཁ་གཡར་ནས་རྒྱ་གར་གྱིས་ཨ་རིར་ཕྱིར་གཏོང་བྱེད་པའི་ཐོན་རྫས་ལ་སྒོ་ཁྲལ་འཕར་མ་་25%བསྡུ་རྒྱུ་ཡིན་པ་རེད། སྤྱི་བསྒྲགས་ནང་དམིགས་བསལ་གྱི་གནས་ཚུལ་ཁག་གཅིག་ཕུད། སྒོ་ཁྲལ་བསྡུ་ཐབས་གསར་པའི་སྲིད་འཛིན་བཀའ་རྒྱ་ཁྱབ་བསྒྲགས་བྱས་ནས་ཉིན་21འདས་རྗེས་ལག་བསྟར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
ཟླ་7ཚེས་31ཉིན། ཐེ་རོན་ཕུའུ་ཡིས་མིང་རྟགས་བཀོད་པའི་སྲིད་འཛིན་བཀའ་རྒྱ་གཞིར་བཟུང་། ཨ་རིས་ཟླ་8ཚེས་7ཉིན་ནས་བཟུང་། རྒྱ་གར་ནས་ཨ་རིར་ཕྱིར་གཏོང་བྱས་པའི་ཚོང་ཟོག་ལ་སྒོ་ཁྲལ་འཕར་མ་25%བསྡུ་རྒྱུ་ཡིན་པ་རེད། ཚེས་6ཉིན་ཁྱབ་བསྒྲགས་བྱས་པའི་སྒོ་ཁྲལ་འཕར་མ་མནན་རྗེས། རྒྱ་གར་ནས་ཨ་རིར་ཕྱིར་གཏོང་བྱེད་པའི་ཚོང་ཟོག་ལ་སྤྱིའི་ཆ་ནས་སྒོ་ཁྲལ་གྱི་ཁྲལ་ཚད་50%སྤྱོད་རྒྱུ་ཡིན་པ་རེད།
དེའི་ཐད། རྒྱ་གར་ཕྱོགས་ནས། ཨ་རི་ཕྱོགས་ཀྱིས་རྒྱ་གར་ལ་སྒོ་ཁྲལ་འཕར་མ་བསྡུ་ཚུལ་“དྲང་བདེན་མིན་པ་དང་། དྲང་གཞག་མིན་པ། ལུགས་མཐུན་མིན་པ་བཅས་ཡིན་པས། རྒྱ་གར་གྱིས་“དགོས་ངེས་ཀྱི་བྱ་སྤྱོད་མཐའ་དག་སྤྱད་ནས་”རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།