གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་27ཉིན། 14:08】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་26ཉིན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
གསར་འགོད་པ་ཞིག་གིས། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་ཐོག ཀྲུང་གོའི་འགོ་ཁྲིད་པའི་རྟེན་འབྲེལ་འཕྲིན་ཡིག་འབྱོར་བ་དེ་ནི་ཡུག་རེན་རང་བཙན་བྱས་ནས་ལོ་34འཁོར་བ་དང་ཏག་ཏག་འཁེལ་ཡོད་ཅེས་བཤད་པ་མགྲིན་ཚབ་པས་ར་སྤྲོད་བྱེད་ཐུབ་བམ་ཞེས་དྲིས།
གོ་ཅ་ཁུན་གྱིས། ཕན་ཚུན་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་གཞིར་བཟུང་ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་དང་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་གི་ཡོད་ཅེས་བརྗོད།