འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་27ཉིན།

༄༅།།ཐེ་རོན་ཕུས་མི་འགྱངས་བར་ཀྲུང་གོར་ཡོང་རྒྱུ་ཟེར་བའི་ཐད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་27ཉིན། 14:08】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་8ཚེས་26ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས། ཐེ་རོན་ཕུའུ་ཡིས་གཟའ་ཟླ་བར་ཁོ་རང་སྔོན་དཔག་བྱས་ན་འདི་ལོའམ་ཡུན་རིང་མི་འགོར་བར་ཀྲུང་གོར་འཚམས་འདྲི་བྱ་རྒྱུ་ཡིན་ཞེས་པ་བདེན་པ་རེད་དམ་ཞེས་དྲིས།

     གོ་་ཅ་ཁུན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྩ་དོན་གཞིར་བཟུང་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཐག་གཅོད་དང་སྐུལ་འདེད་གཏོང་བ་དང་ཆབས་ཅིག་རང་ངོས་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བརྟན་པོ་བྱེད་ཀྱི་ཡོད་ཅེས་དང་།

    ང་ཚོས་ཨ་རི་ཕྱོགས་ཀྱིས་ཁ་ཕྱོགས་གཅིག་མཐུན་དུ་འགྲོགས་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་བས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    གཙོ་བདག་གི་ཕྱི་འབྲེལ་གྱིས་ཀྲུང་གོ་དང་ཨ་རིའི་འབྲེལ་བར་ཚབ་མཚོན་བྱེད་ཐབས་བྲལ་བའི་འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འགྲོ་འོང་དང་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཅེས་བརྗོད།