འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་27ཉིན།

༄༅།།ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་ཕྱི་རོལ་འགྲིམ་འགྲུལ་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་ལ་
“གངས་ལྷ་མེ་ཏོག་བུམ་པའི”སྤུས་ལེགས་ལས་གྲྭའི་བྱ་དགའ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་27ཉིན། 14:15】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱིས་2025ལོའི་ལོ་འཁོར་གྱི“གངས་ལྷ་མེ་ཏོག་བུམ་པའི”སྤུས་ལེགས་ལས་གྲྭའི་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཡོངས་བསྒྲགས་བྱས་པའི་ནང་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་ཕྱི་རོལ་འགྲིམ་འགྲུལ་སྒྱུར་བཀོད་ལས་གྲྭ་ཚུད་ཡོད།

     རྣམ་གྲངས་དེ་ནི་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་འགག་རྩའི་རང་བཞིན་གྱི་འགྲིམ་འགྲུལ་ལྟེ་གནས་སྒྱུར་བཀོད་ཀྱི་ལས་གྲྭ་ཞིག་ཡིན་ཞིང་། རྣམ་གྲངས་གཙོ་བོར་གནམ་ཐང་གི་མྱུར་ལམ་དང་། གནམ་ཐང་འབབ་ཚུགས་ཆེ་གྲས་གསུམ(T1 T2 T3)གྱི་ཐོན་སྒོ་དང་འཛུལ་སྒོའི་འབྲེལ་ལམ་དང་དེ་བཞིན་གཞི་ཁྱོན་ཆེ་བའི་ས་འོག་མདོང་དྲ་གནས་སྤོས་སྒྱུར་བཀོད་སོགས་ཚུད་ཡོད། ལས་གྲྭའི་འཛུགས་སྐྲུན་ཐད་ས་བབ་མཐོ་བ་དང་། ལས་སྣ་མང་བ། གནམ་ཐང་འབབ་ཚུགས་དང་ཐག་ཉེ་བ་སོགས་ཀྱི་དཀའ་ཚེགས་མང་པོ་འཕྲད་ཡོད། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་རྣམ་གྲངས་དེའི་ཇུས་འགོད་ནི་རྒྱལ་ནང་གི་མཐོ་གྲང་ས་ཁུལ་གྲོང་ཁྱེར་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་དང་དེའི་ལག་རྩལ་གསར་གཏོད་དང་འཛུགས་སྐྲུན་བྱེད་སྟངས་ལས་རྒྱལ་ཡོངས་ཀྱི་རྣམ་གྲངས་དེ་རིགས་ལ་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་གདེང་འཇོག་བྱས་པ་རེད།

     “གངས་ལྷ་མེ་ཏོག་བུམ་པའི”སྤུས་ལེགས་ལས་གྲྭའི་བྱ་དགའ་ནི་རང་སྐྱོང་ལྗོངས་རིམ་པའི་ལས་གྲྭའི་བྱ་དགའ་ཡིན་ལ། བོད་ཀྱི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བྱ་དགའ་མཐོ་ཤོས་ཀྱང་ཡིན། སྤུས་ལེགས་ལས་གྲྭའི་བྱ་དགའ་སྤྲོད་པའི་གྲངས་འབོར་ནི་ལོ་དེའི་རེ་འདུན་ཕུལ་བའི་གནས་ཚུལ་ལ་གཞིགས་ནས་གཏན་འཁེལ་བྱེད་ཀྱི་ཡོད།