གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་27ཉིན། 14:27】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཟླ་8ཚེས་27ཉིན། སྐྱེས་པ་ཞིག་གིས་མྱུར་བགྲོད་གཞུང་ལམ་དུ་འཇིགས་སྐུལ་གྱི་འབག་གྱོན་ནས་འགྲུལ་བཞུད་རླངས་འཁོར་ལ་འཇིགས་སྐུལ་བྱས་པའི་གནས་ཚུལ་དྲ་ཐོག་ཏུ་ཁྱབ་པར་དམིགས་ནས། ཀྲེ་ཅང་ཧང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་མྱུར་བགྲོད་གཞུང་ལམ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གིས་ཉེན་བརྡའི་བརྡ་ཁྱབ་བཏང་དོན་དུ། དོན་རྐྱེན་དང་འབྲེལ་བ་ཡོད་པའི་མི་དེ་ནི་སློབ་གྲྭ་ཞིག་གི་ཕྱི་རྒྱལ་དགེ་རྒན་ཡིན་པ་རེད། འཇིགས་སྐུལ་བྱས་ཏེ་ད་ལམ་དོན་རྐྱེན་བྱུང་མེད་རུང་། རླངས་འཁོར་བགྲོད་པའི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད་པར་དམིགས་ནས། སྤྱི་བདེ་ལས་ཁུངས་ཀྱིས་ཁོ་པར་སྐྱོན་བརྗོད་སློབ་གསོ་བཏང་བས། ཁོ་པས་ཀྱང་འགྱོད་བཤགས་བྱས་པ་དང་ཆབས་གཅིག་དོ་བདག་ལ་དགོངས་དག་ཞུས་པར་དགོངས་དྭངས་གནང་བ་རེད།