གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་27ཉིན། 14:35】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཀྲུའུ་ཧྲན་སྤྱི་བདེ་ཅུས་ཀྱིས་ཉེན་བརྡ་བཏང་བའི་ནང་2025ལོའི་ཟླ་8ཚེས་25ཉིན་གྱི་ཆུ་ཚོད་22དང་སྐར་མ་20ཙམ་ལ། ཀྲུའུ་ཧྲན་ཁུལ་ཀྲེན་ཞིན་ལམ་ཆེན་དུ་རྐང་བཙུགས་ནས་རྨས་སྐྱོན་གཏོང་བའི་ཉེས་དོན་གྱོད་གཞི་ཞིག་ཐོན། ཉེན་བརྡ་འབྱོར་རྗེས་སྤྱི་བདེ་ལས་ཁུངས་འཕྲལ་མར་ཡུལ་དངོས་སུ་བསྐྱོད་དེ་རྨས་མ་3སྨན་ཁང་དུ་བསྐྱལ། དེའི་ནང་མི་2སྐྱོབ་ཐབས་མེད་པར་རྐྱེན་ལམ་དུ་ཤོར་བ་དང་མི་1སྲོག་ཉེན་ལས་ཐར་བ་རེད། ཉེས་གསོག་དོགས་ཅན་ལི་ཆེ་གེ་མོ་(སྐྱེས་པ། ལོ་40)སྤྱི་བདེ་ལས་ཁུངས་ཀྱིས་དུས་ཐོག་ཏུ་འཛིན་བཟུང་བྱས་པ་དང་། ཐོག་མའི་བརྟག་དཔྱད་བྱས་པ་བརྒྱུད་གྱོད་གཞི་དེ་ནི་བརྩེ་དུང་གི་རྩོད་གཞིའི་དབང་གིས་ཐོན་པ་ཞིག་ཡིན་པ་རེད།
མིག་སྔར་གྱོད་གཞི་དེ་མུ་མཐུད་རྩད་གཅོད་བྱེད་བཞིན་ཡོད་པ་རེད།