གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་28ཉིན། 10:38】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲའོ་ཁྲེང་།
གུང་ཁྲན་ཏང་ཡོན་གྱི་ངོས་ནས་བཤད་ན། ཐོག་མར་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་བློ་སྦྱོང་དེ་ཏང་གཤིས་བློ་སྦྱོང་གི་ཨང་དང་པོར་བཞག་སྟེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་ཏང་གཤིས་ཀྱི་འཚོ་བཅུད་བསྡུ་ལེན་བྱས་ནས་རྒྱུན་སྲིང་ལྷོད་མེད་ཀྱིས་གུང་ཁྲན་ཏང་མིའི“བློ་སྦྱོང”ལ་ཤུགས་སྣོན་རྒྱག་དགོས།
ཡོམ་འགོག་གེགས་སེལ་སོགས་ཛ་དྲག་དང་དཀའ་ངལ་ཆེ་བའི་ལས་འགན་སྒྲུབ་སྐབས་མདུན་ཕྱོགས་སུ་སྐྱོད་མཁན་དང་རྒྱུན་གཏན་གྱི་ལས་ཀའི་ཁྲོད་དུ་རྣམ་འགྱུར་ཡག་ཤོས་ནི་ཏང་ཡོན་ཤ་སྟག་ཡིན་པ་ཀུན་གྱིས་ཤེས་གསལ་རེད། དེ་ནི་ང་ཚོས་རྒྱུན་དུ་ཤོད་པའི་ཏང་ཡོན་ལ་ཏང་ཡོན་གྱི་ཉམས་འགྱུར་ལྡན་དགོས་པ་དེ་ཡིན། ཏང་ཡོན་གྱི་ཉམས་འགྱུར་བཟང་པོ་གང་ནས་བྱུང་བ་ཡིན་ཟེར་ན། དེ་ནི་ཏང་གཤིས་ཁྲོད་ནས་བྱུང་བ་ཡིན།
གལ་ཏེ་ཏང་གཤིས་བརྟན་པོ་དང་གཙང་མ་མེད་ན། ཕྱོགས་ཚང་མ་བརྟན་པོ་ཡོང་མི་སྲིད་ལ་བརྟན་པོར་ཚུགས་ཐབས་ཀྱང་མེད། ཆད་པ་ཕོག་པའི་དཔོན་རིགས་ཁ་ཤས་ཀྱི་ཁྱབ་བསྒྲགས་ཁྲོད། ང་ཚོས་རྟག་ཏུ“ཏང་གཤིས་ཀྱི་རྩ་དོན་ཤོར་བ”དང“ཏང་གཤིས་ཀྱི་རྩ་དོན་དང་རྒྱབ་འགལ་བྱེད་པ”ཞེས་པའི་གསལ་བཤད་འདི་འདྲ་མཐོང་ཐུབ། ཏང་གཤིས་དང་རྩ་དོན་གཉིས་མཉམ་དུ་ཤོད་ཀྱི་ཡོད་པས། གལ་ཏེ་ཏང་གཤིས་ཤོར་ན། རྩ་དོན་ཡང་ཤོར་བ་དང་ཁ་ཕྱོགས་ཀྱང་འཛོལ་གྱི་ཡོད།
“ནམ་འཚོའི་བར་དུ་བློ་སྦྱོང་བྱེད་པར”ནན་བཤད་བྱེད་དགོས་དོན་ཅི།
ཏང་གཤིས་ནི་ཏང་ནང་ཞུགས་པའི་ལོ་གྲངས་དང་གོ་གནས་འཕར་བ་དང་བསྟུན་ནས་རང་བཞིན་དུ་ཇེ་ཆེར་འགྲོ་སྲིད་པ་ཞིག་མིན། ཁང་པར་རྟག་ཏུ་གཙང་སྦྲ་བྱེད་པ་དང་མེ་ལོང་ལ་རྟག་ཏུ་འཕྱིད་བདར་གཏོང་དགོས་པ་ལྟར་ཏང་གཤིས་བློ་སྦྱོང་ལ་ཡང་རྟག་ཏུ་ཞུན་བརྡར་སྤྲོས་དགོས། རྟག་ཏུ་རང་གིས་རང་ལ་བློ་སྦྱོང་དང་ངེས་གནས་གང་ཡིན་དྲིས་ན། ད་གཟོད་གནོང་འགྱོད་མེད་པ་ཞིག་བྱེད་ཐུབ།
2001ལོར་སྐབས་དེ་དུས་ཧྥུའུ་ཅན་ཞིང་ཆེན་གྱི་ཧྲེང་ཀྲང་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་ཡབ་བློ་མཐུན་ཞི་ཀྲུང་ཤུན་ལ་བྲིས་གནང་བའི་འཕྲིན་ཡིག་ཞིག་གི་ནང“འཇིགས་སྐུལ་དཀར་པོའི་ལོ་རབས་ཡིན་ནའང་འདྲ། ཡང་ན་གཡོན་ཐལ་ལམ་ཕྱོགས་ཀྱི་དུས་སྐབས་ཡིན་ནའང་འདྲ། གཞན་གྱིས་སྐྱོན་འཛུགས་བྱས་པ་ཡིན་ནའང་འདྲ། ཡང་ན་དཀའ་ངལ་གྱི་གནས་སུ་གྱར་ནའང་འདྲ། ཁྱེད་ཀྱི་སེམས་ནང་ཐོག་མཐའ་བར་གསུམ་དུ་འོད་གསལ་གྱི་སྒྲོན་མེ་ཞིག་ཡོད་པས་ནམ་ཡང་ཡང་དག་པའི་མདུན་སྐྱོད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས”ཞེས་གསུངས་ཡོད། ཏང་གཤིས་ལ་ཞུན་བརྡར་སྤྲོས་རྒྱུ་དེ་ཚེ་གང་གི་ཞིབ་འཇུག་བྱ་གཞི་ཞིག་ཏུ་བརྩིས་ནས་རྒྱུན་ཆད་མེད་པར་ལྷད་མེད་པ་བཟོ་བ་དང་། ནད་དུག་སེལ་བ། སྦགས་བཙོག་འགོག་པ་བཅས་བྱས་ཏེ“སེམས་ནང་ཐོག་མཐའ་བར་གསུམ་དུ་འོད་གསལ་གྱི་སྒྲོན་མེ་ཞིག་ཡོད་པར”འགན་ལེན་བྱེད་དགོས།
“ནམ་འཚོའི་བར་དུ་བློ་སྦྱོང”ཇི་ལྟར་བྱེད་དགོས།
ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་འཚོ་བཅུད་ཕུན་སུམ་ཚོགས་པོ་བསྡུ་ལེན་བྱེད་དགོས། དུས་རབས་ཀྱི་རྒྱུགས་གཞི་རྟག་ཏུ་གསར་པ་ཐོན་པས། ཏང་ཡོན་ལས་བྱེད་པའི་བསམ་པའི་ཉམས་འགྱུར་དང་། བསམ་བློའི་འདུ་ཤེས། བྱང་ཚད་དང་འཇོན་ཐང་། སྤྱོད་ཚུལ་དང་གཟུགས་བརྙན་བཅས་ཚང་མར་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ནི་བསམ་བློའི་ནོར་མཛོད་ལྟ་བུ་ཞིག་ཡིན་ཞིང་། དེའི་ནང་རང་སྣང་གི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བསམ་བློའི་མཚོན་ཆ་ཡོད་ལ། ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་ཚན་རིག་གི་བྱ་ཐབས་ཀྱང་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཨན་ཧུའེ་དང་ཀྲེ་ཅང་ཞིང་ཆེན་གཉིས་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་བའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་ཐོག་མའི“ཨན་ཅང་གསར་པའི་རྣམ་པ”འཚོལ་ཞིབ་བྱས་ནས“ཆུ་བོ་གཅིག་ལ་ཐུན་མོང་སྲུང་སྐྱོང”ནས“ས་ཁོངས་གཅིག་ཐུན་མོང་འབྱོར་ཕྱུག”གི་ཕྱོགས་སུ་བསྐྱོད་ཡོད། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་བསམ་ཕྱོགས་དང་ཐབས་ཤེས་འཚོལ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཅང་སུའུ་སུའུ་ཀྲོའུ་ཡིས་མི་ཆོས་རིག་གནས་དང་དཔལ་འབྱོར་ལ་བརྟེན་ནས་དུས་རབས་གསར་པའི་སུའུ་ཀྲོའུ་ཡི་དར་རྒྱས་ཀྱི་རི་མོ་བྲིས་པ་ལ་སོགས། དཔེ་མཚོན་དེ་དག་གི་ཐོག་ནས་བསམ་བློ་གཏོང་སྟངས་འགྲིག་ཚེ། གཞི་ནས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ལ་སེམས་གཏིང་ནས་མོས་སེམས་ཐོབ་པ་དང་དུས་མཚུངས་སྲིད་ཇུས་ཀྱི་ཁ་ཕྱོགས་དང་ཚད་གཞི་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་ཐུབ་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་ཐུབ་པ་གསལ་བཤད་གང་ལེགས་ཐུབ་ཡོད།
དམངས་ལ་བདེ་རྩ་བསྐྲུན་རིང་དྭངས་གཙང་ཡོང་བ་དང་གོ་རྟོགས་འཕེལ་བར་བྱེད་དགོས། ཏང་གཤིས་ནི་མཐར་གཏུགས་ནས་བཤད་ན་ལངས་ཕྱོགས་ཀྱི་གནད་དོན་ཡིན་ཞིང་། མི་དམངས་ཀྱི་ལངས་ཕྱོགས་ནི་ང་ཚོའི་ཏང་གི་རྩ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཡིན། “སེམས་གཏིང་དུ་མི་དམངས་འཇོག་པ་ལས་རང་ཉིད་མེད་པའི”ཅའོ་ཡུས་ལུའུ་ནས“རི་པ་ཕྱུག་པོ་ཆགས་རོགས་བྱས་ནས་ཐའེ་ཧང་གི་ཡུས་ཀུང་བྱེད་པའི”ལི་པའོ་གོ་བར་དང་། དེ་ནས“སློབ་མ་ཚོར་རྒྱང་རིང་དུ་གློག་སྒྲོན་དང་། རྐང་འོག་ཏུ་ལམ། མིག་མདུན་དུ་འོད་སྣང་བཅས་ཡོད་པར་བྱེད་མཁན”ཀྲང་ཀུའེ་མེ་སོགས་བར། གུང་ཁྲན་ཏང་མི་ངོ་མ་ཞིག་ཡིན་ན་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཏང་གཤིས་ཀྱི་འོད་སྟོང་དང་མི་གཤིས་ཀྱི་སྟོབས་ཤུགས་མངོན་པར་བྱེད་ཀྱི་ཡོད།
འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པའི་ཁྲོད་ཞུན་བརྡར་སྤྲོས་པ་དང་ཤུགས་སྣོན་རྒྱག་དགོས། ཏང་གཤིས་ལ་འཐབ་རྩོད་ཀྱི་ཚོད་བགམ་དང་དུས་ཚོད་ཀྱི་ཞིབ་བཤེར་བརྒྱུད་ན། གཞི་ནས་བདེན་རྫུན་དང་ངོ་བོ་དབྱེ་འབྱེད་བྱེད་ཐུབ། ལྷག་ཏུ་དཀའ་ངལ་ཆེ་བའི་འགག་རྩའི་དུས་སུ་གསར་བརྗེ་དང་འབད་བརྩོན་གྱི་སྙིང་སྟོབས་ཆེན་པོ་ཞིག་ཡོད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་ངེས་པར་དུ་འགག་སྒྲོལ་དཀའ་སེལ་བྱེད་པ་དང་། ཚན་རྩལ་གྱི“འགག་གནད”སྒྲོལ་བར་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས། སྤྱོད་ཚུལ་ལ་དམ་འཛིན་བྱེད་པ་ནས་འགོ་བརྩམས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱར་སྐུལ་འདེད་བཏང་ནས་དངོས་འཛིན་དངོས་སྒྲུབ་དང་མཁྲེགས་སར་གཏུག་ཕོད་པར་བྱེད་དགོས། ཁུར་དགོས་པའི་འགན་འཁྲི་དངོས་སུ་འཁུར་བ་ནི་གཞི་ནས་གུང་ཁྲན་ཏང་མིར་ཡོད་དགོས་པའི་ཏང་གཤིས་ཀྱི་འགན་འཁྲི་ཁུར་སེམས་དང་ཆབ་སྲིད་ཀྱི་ངོ་བོ་ཡིན།