འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་28ཉིན།

༄༅།།རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཨའོ་མོན་དུ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་28ཉིན། 10:38】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་ཨའོ་མོན་ནས་ཟླ་8ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། མི་རིགས་བཅིངས་འགྲོལ་དང་འཛམ་གླིང་ཞི་བདེའི་ཆེད་དུ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཨའོ་མོན་དུ་འགོ་ཚུགས་པ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔོན་རིགས་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་280ཙམ་ཞུགས་ཡོད་པ་རེད།

    བརྗོད་དོན་གཙོ་བོའི་འགྲེམས་སྟོན་ནི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་གིས་རྒྱབ་སྐྱོར་བྱས་ཤིང་། རྩ་ཆེའི་ལོ་རྒྱུས་ཀྱི་པར་རིས་དང་བརྙན་པར་དཔྱད་གཞི་འབོར་ཆེན་བརྒྱུད་1931ལོ་ནས་1945ལོ་བར་གྱི་ཀྲུང་གོ་མི་དམངས་ཀྱིས་རི་འགོག་དམག་འཁྲུག་ལོ་14བརྒྱབ་རིང་གི་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་གོ་རིམ་ལྡན་པའི་ངང་མངོན་པ་དང་། ཀྲུང་ཧྭའི་བུ་ཕྲུག་ཚོས་རི་འགོག་དམག་འཁྲུག་བརྒྱབ་པའི་བརྗིད་ཉམས་ཆེ་བའི་ལེའུ་དང་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དོན་སྙིང་རླབས་པོ་ཆེ་ཕྱོགས་ཡོངས་ནས་མངོན་ཡོད།