འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་28ཉིན།

༄༅།།ཞི་ཅིན་ཕིང་སྟངས་དཔྱལ་གྱིས་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མོ་ཉི་དང་རྒྱལ་ཡུམ་མོ་ཉི་ལེ་དང་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་28ཉིན། 10:44】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ཟླ་8ཚེས་26ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་པེ་ཅིང་ཀྲུང་ནན་ཧའེ་རུ་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མོ་ཉི་དང་རྒྱལ་ཡུམ་མོ་ཉི་ལེ་དང་མཛའ་བརྩེའི་མཇལ་འཕྲད་གནང་བ།

ཟླ་8ཚེས་26ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་པེ་ཅིང་ཀྲུང་ནན་ཧའེ་རུ་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མོ་ཉི་དང་རྒྱལ་ཡུམ་མོ་ཉི་ལེ་དང་མཛའ་བརྩེའི་མཇལ་འཕྲད་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་26ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཀྲུང་ནན་ཧའེ་རུ་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མོ་ཉི་དང་རྒྱལ་ཡུམ་མོ་ཉི་ལེ་དང་མཛའ་བརྩེའི་མཇལ་འཕྲད་གནང་བ་རེད།

      ཞི་ཅིན་ཕིང་གིས་རྒྱལ་པོ་ཤིས་ཧ་མོ་ཉི་དང་རྒྱལ་ཡུམ་མོ་ཉི་ལེ་སླར་ཡང་ཀྲུང་གོར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་མ་ཟད། རྒྱལ་པོ་ཤིས་ཧ་མོ་ཉི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པར་དགའ་བསུ་ཡང་ཞུས་པ་རེད། ཞི་ཅིན་ཕིང་གིས་གསུངས་དོན། ད་ལོའི་ཟླ་བ་བཞི་པར་ངས་ཁམ་ཕུ་ཁྲེར་རྒྱལ་དོན་འཚམས་འདྲི་བྱེད་སྐབས་རྒྱལ་པོ་མཆོག་དང་ཁམ་ཕུ་ཁྲེའི་མི་དམངས་ཀྱིས་སྤྲོ་སེམས་འཁོལ་པོས་མཛའ་མཐུན་སྣེ་ལེན་གནང་བ་ད་ལྟ་དྲན་སྐབས་ཀྱང་ཧ་ཅང་སྙིང་ཉེ་བའི་ཚོར་སྣང་ཡོང་གི་འདུག ཀྲུང་གོ་དང་ཁམ་ཕུ་ཁྲེའི་དབར་གྱི་འབྲེལ་བ་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་ཚོད་བགམ་ཁྲོད་དུ་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་བློས་ཐུབ་ཆགས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་ཏུ་གྱུར་ཡོད་པས་ཕྱོགས་གཉིས་པོས་གཅེས་སྤྲས་ཆེན་པོ་བྱེད་འོས་པ་ཞིག་རེད། འགྱུར་ལྡོག་དང་ཟང་ཟིང་མཉམ་གནས་ཀྱི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་པོས་དེ་བས་བློ་བརྟན་འགྱུར་མེད་ངང་མཉམ་དུ་ལངས་ནས་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། དུས་རབས་གསར་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་དུས་དང་རྣམ་པ་ཀུན་གྱི་ལས་དབང་གཅིག་མཐུན་ཚོགས་པ་གང་མགྱོགས་བཙུགས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེའི་མི་དམངས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་འགྲོ་ལམ་དུ་བསྐྱོད་ནས་རྒྱལ་ཁབ་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡིན།

     ཤིས་ཧ་མོ་ཉི་དང་མོ་ཉི་ལེ་རྣམ་གཉིས་ཀྱིས་གསུངས་དོན། སླར་ཡང་ཀྲུང་གོར་སླེབས་པ་དང་འབྲེལ་གདན་ཞུས་ལྟར་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་ཞི་བདེ་སྲུང་སྐྱོང་ལ་ལེགས་སྐྱེས་གལ་ཆེན་ཕུལ་བས་ནམ་ཡང་ཡིད་ལ་བརྟན་པོར་ངེས་འོས་པ་ཞིག་ཡོད། ཟླ་བ་བཞི་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེར་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་ཞིང་། ཕྱོགས་གཉིས་པོས་མཛའ་གཅུགས་ལྷུག་པོར་གླེང་བ་དང་མཉམ་ལས་ལ་གྲོས་བསྡུར་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཁམ་ཕུ་ཁྲེ་དང་ཀྲུང་གོའི་འབྲེལ་བར་ལྟ་སྟངས་བཟུང་བ་དང་། ཁམ་ཕུ་ཁྲེ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་དེ་བས་ཟབ་ཏུ་བཏང་ནས་དུས་རབས་གསར་པའི་ཁམ་ཕུ་ཁྲེ་དང་ཀྲུང་གོའི་དུས་དང་རྣམ་པ་ཀུན་གྱི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་འཛུགས་འདོད་ཡོད།

     ཝང་དབྱི་མཇལ་འཕྲད་ལ་ཞུགས་པ་རེད།