འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་28ཉིན།

༄༅།།ཐེ་རོན་ཕུས་ཨ་རིས་ཡུག་རེན་ལ་ཐད་ཀར་རོགས་དངུལ་སྤྲོད་རྒྱུ་མིན་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་28ཉིན། 13:31】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཚེས་25ཉིན་ཕོ་བྲང་དཀར་པོའི་གསར་འགོད་པའི་ཚོགས་འདུའི་ཐོག་ཨ་རིས་ཡུག་རེན་ལ་སྲིད་ཇུས་ལག་བསྟར་བྱེད་སྟངས་འགྱུར་ལྡོག་གཏོང་རྒྱུ་ཡིན་པ་དང་། ཡུག་རེན་ལ་མ་དངུལ་ཐད་ཀར་རོགས་སྐྱོར་བྱེད་མཚམས་འཇོག་རྒྱུ་ཡིན་པ། ཡུག་རེན་ལ་མཚོན་ཆ་དགོས་ཚེ་ཡོ་རོབ་བྱང་ཆིངས་རྩ་འཛུགས་ཀྱི་རོགས་ཟླ་བརྒྱུད་ནས་མཚོན་ཆ་ཉོ་དགོས་ཞེས་བཤད་པ་རེད།

     ཐེ་རོན་ཕུས། དེ་གོང་ཨ་རི་སྲིད་གཞུང་གིས་ཡུག་རེན་ལ་མ་དངུལ་ཨ་སྒོར་དུང་ཕྱུར་3500ཙམ་གྱི་རོགས་སྐྱོར་ཁས་ལེན་བྱས་པ་དེས་ཨ་རི་ལ་བཤུ་གཞོག་ཐེབས་ཡོད། ད་ཆ་ཨ་རིས་ཡུག་རེན་ལ་ཐད་ཀར་མ་དངུལ་རོགས་སྐྱོར་བྱེད་མཚམས་འཇོག་རྒྱུ་ཡིན་པ་དང་། ཡུག་རེན་ལ་མཚོན་ཆ་དགོས་ཚེ་བྱང་ཆིངས་རྩ་འཛུགས་ཀྱིས་ཉོ་རྒྱུ་རེད། ཨ་རིས་བྱང་ཆིངས་དང་མཚོན་ཆ་ཉོ་ཚོང་བྱ་རྒྱུ་ཡིན་པས། བྱང་ཆིངས་རྩ་འཛུགས་ཀྱིས་མཚོན་ཆའི་འགྲོ་གྲོན་ཆ་ཚང་སྤྲོད་དགོས་ཞེས་ཁ་གསལ་བསྟན་པ་རེད།

     ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་བརྗོད་དོན། ང་ཚོས་ཡུག་རེན་ཕྱོགས་ལ་འགྲོ་སོང་གཏོང་གི་མིན། ང་ཚོས་རིན་གོང་གསལ་པོའི་ཐོག་ནས་བྱང་ཆིངས་རྩ་འཛུགས་ལ་དམག་དོན་སྒྲིག་ཆས་བཙོང་རྒྱུ་ཡིན་པ་དང་། བྱང་ཆིངས་རྩ་འཛུགས་ཀྱིས་སླར་ཡང་མཚོན་ཆ་དང་སྒྲིག་ཆས་དེ་དག་ས་ཆ་གང་རུང་ཞིག་ལ་འགོ་བཤའ་བརྒྱག་ཆོག གཅིག་བྱས་ན་ཡུག་རེན་ཕྱོགས་ལའང་འགོ་བཤའ་ཐེབས་སྲིད།

     གཞན་ཡང་ཐེ་རོན་ཕུས་ཚེས་25ཉིན། ད་དུང་ཡུག་རེན་གྱི་བདེ་འཇགས་འགན་ལེན་གྱི་གནད་དོན་ཐད་ཨ་རིས་རམ་འདེགས་ཀྱི་ནུས་པ་ཁོ་ན་ལས། གཙོ་ཁྲིད་ཀྱི་འགན་འཁྲི་དེ་ཡོ་རོབ་རྒྱལ་ཁབ་ཀྱིས་འཁུར་དགོས་ཞེས་བརྗོད་པ་རེད།