གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་28ཉིན། 13:37】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་27ཉིན་ཨ་རིའི་མིང་ཉི་སུའུ་ཏ་མངའ་སྡེའི་མིང་ཉི་ཨ་པོ་ལི་སི་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་གནས་པའི་སློབ་གྲྭ་ཞིག་ལ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་པ་དང་ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེས་མེ་མདའ་རྒྱག་མཁན་དང་བྱིས་པ་གཉིས་ཚུད་པའི་མི་3རྐྱེན་ལམ་དུ་ཤོར་བ་དང་མི་17ལ་རྨས་སྐྱོན་ཕོག་ཡོད་པ་རེད།
མེ་མདའ་རྒྱག་མཁན་ལོ་23ཡིན་པ་དང་དོན་རྐྱེན་དེའི་རྒྱུ་རྐྱེན་གསལ་པོ་མེད་པ་རེད།
གསར་འགྱུར་ལས་བཤད་པ་ལྟར་ན། མིང་ནེ་ཨ་པའོ་ལི་སི་གྲོང་ཁྱེར་གྱི་ཉེན་རྟོག་ཅུས་ཀྲང་པུ་ལེ་འིན་ཨོ་ཧ་ལ་ཡིས་གསར་འགྱུར་སྤེལ་བའི་ཚོགས་འདུའི་སྟེང་བཤད་རྒྱུར། ཉིན་དེའི་སྔ་དྲོར། གནམ་བདག་ཆོས་ལུགས་ཀྱི་སློབ་གྲྭ་ཞིག་གི་ནང་དུ་མེ་མདའ་བརྒྱབ་པའི་གནས་ཚུལ་བྱུང་བ་དང་། མེ་མདའ་རྒྱག་མཁན་གྱིས་ཆོས་ཁང་གི་སྒེའུ་ཁུང་ནས་རྐུབ་སྟེགས་སྟེང་དུ་བསྡད་ཡོད་པའི་བྱིས་པ་རྣམས་ལ་མེ་མདའ་བརྒྱབ་པས། ལོ་8དང་ལོ་10ཅན་གྱི་བྱིས་པ་གཉིས་ཤི་བ་དང་། གཞན་པ་17ལ་རྨས་སྐྱོན་ཕོག་པ་དང་། དེའི་ནང་གི་མང་ཆེ་བ་བྱིས་པ་རེད།
ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ཉེན་རྟོག་ཕྱོགས་ཀྱིས་མེ་མདའ་རྒྱག་མཁན་ནི་ལོ་23ལ་སླེབས་པའི་ལུའོ་པིན·ཝུའེ་སི་ཐེ་མན་ཡིན་པ་ར་སྤྲོད་བྱས་པ་དང་དེ་གོང་དེར་ཉེས་གསོག་གི་ཐོ་བཀོད་མེད་པ་དང་ཁྲིམས་འཛིན་སྡེ་ཚན་གྱིས་ཝུའེ་སི་ཐེ་མན་གྱིས་ཁེར་རྐྱང་ངང་གྱོད་གཞི་བསྒྲུབས་པའི་ངོས་འཛིན་བྱས་ཡོད་ཅེས་བཤད།
གསར་འགྱུར་ལས་བསྒྲགས་པ་ལྟར་ན། མེ་མདའ་རྒྱག་མཁན་གྱིས་མེ་མདའ་བརྒྱབ་རྗེས་རང་སྲོག་བཅད་ཡོད། ཉེན་རྟོག་པས། ཁོས་མེ་མདའ་དང་ལག་མདའ་སོགས་མཚོན་ཆ་སྣ་ཚོགས་འཁྱེར་འདུག་ཅེས་བཤད་ཡོད་པ་རེད།
CNNཡིས་བསྟན་དོན། ཨོ་ཧ་ལ་ཡིས་བཤད་རྒྱུར། ཝུའེ་སི་ཐེ་མན་གྱིས་དེའི་གོང་བརྙན་འཕྲིན་ལས་སྟེགས་སྟེང་ནས་བསྒྲགས་གཏམ་ཞིག་བཏོན་མྱོང་བ་དང་། དེའི་ནང་དུ་སེམས་མི་བདེ་བའི་ནང་དོན་འགའ་བཀོད་འདུག ཉེན་རྟོག་པས་ད་ལྟ་དོན་རྐྱེན་འདིའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད།
ཐེ་རོན་ཕུའུ་ཡིས་རྒྱལ་དར་ཕྱེད་ཀ་ཕབ་པའི་བཀའ་བཏང་།
མིན་ཉི་སུའུ་ཏ་མངའ་སྡེའི་མགོ་འཛིན་ཏི་མུའུ་ཨར་ཚི་ཡིས། དོན་རྐྱེན་འདིས་མིན་ཉི་སུའུ་ཏ་ཀྲོའུ་ལ་“སེམས་སྡུག་”བྱེད་དུ་བཅུག་ཡོད། ཁོས་ད་དུང་“ངའི་ཆེས་ཆེ་བའི་རེ་བ་ནི། མངའ་སྡེ་གང་རུང་དང་། སྡེ་ཁུལ་གང་རུང་།སློ བ་གྲྭ་གང་རུང་བཅས་ལ་དོན་རྐྱེན་འདི་ལྟ་བུ་ཞིག་མི་འབྱུང་བ་དེ་ཡིན་”ཞེས་བཤད།
ཕོ་བྲང་དཀར་པོའི་དཔོན་རིགས་ཀྱིས་བཤད་རྒྱུར། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་མེ་མདའ་རྒྱབ་པའི་དོན་རྐྱེན་ཐད་ཨར་ཚི་བར་ཁ་པར་བརྒྱབ་ཡོད། ཐེ་རོན་ཕུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་དུ་ཁོས་འབྲེལ་ཡོད་དོན་རྐྱེན་གྱི་སྙན་ཞུ་ཉན་པ་མ་ཟད། ཕོ་བྲང་དཀར་པོས་མུ་མཐུད་དུ་འཇིགས་སུ་རུང་བའི་གནས་ཚུལ་འདི་ལ་དོ་སྣང་བྱ་རྒྱུ་ཡིན་ཞེས་བཤད།
ཕོ་བྲང་དཀར་པོས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཚེས་27ཉིན་གྱི་ཕྱི་དྲོ་ཐེ་རོན་ཕུས་སྤྱི་བསྒྲགས་ཤིག་ལ་མིང་རྟགས་བཀོད་ནས་གཏུམ་སྤྱོད་ཕོག་པའི་གནོད་འཚེ་ཕོག་མཁན་ལ་བརྩི་འཇོག་བྱ་ཆེད་ཕོ་བྲང་དཀར་པོ་དང་རྒྱལ་ཕྲན་མཉམ་འབྲེལ་གྱི་སྤྱི་པའི་བཟོ་བཀོད་ཚང་མས་ཚེས་31ཉིན་གྱི་ས་སྲོད་བར་དར་ཆ་ཕྱེད་ཀ་ཕབ་དགོས་པའི་བཀའ་བཏང་ཞེས་བཀོད་ཡོད་པ་རེད།
CNNཡིས། སྤྱི་བསྒྲགས་བཀྲམ་རྗེས་མི་རིང་བར་ངེད་སྨྱན་སྦྱོར་ནས་ཕོ་བྲང་དཀར་པོའི་རྒྱལ་དར་ཕྱེད་ཀ་ཕབ་པའི་པར་བླངས་ཡོད་ཅེས་བཤད་པ་རེད།