འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་28ཉིན།

༄༅།།ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་ཡིད་དབང་
འཕྲོག་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་28ཉིན། 13:54】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ཟླ་8ཚེས་31དང་ཟླ་9ཚེས་1ཉིན་ཐེན་ཅིན་དུ་འཚོག་རྒྱུ་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གླེང་མོལ་རོགས་ཟླ་ཡིན་པའི་ནེ་པ་ལས་ཐེན་ཅིན་དབུ་ཚོགས་ལ་རེ་སྒུག་ཆེན་པོ་བྱེད་ཅིང་། ད་ཐེངས་ཀྱི་དབུ་ཚོགས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་མང་བར་འཕེལ་རྒྱས་ཀྱི་གོ་སྐབས་གཏོད་རེ་བྱེད་ཀྱི་ཡོད།

     འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པའི་ནེ་པ་ལ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གླེང་མོལ་རོགས་ཟླར་གྱུར་ཏེ། རྩ་འཛུགས་དེའི་ཁྱབ་ཁོངས་མང་པོའི་མཉམ་ལས་ནང་ཞུགས་པའི་གོ་སྐབས་དང་གཉིས་ཕན་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་ནས་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ཡོད། ཀྲུང་གོར“ཐག་རིང་གི་གཉེན་ལས་གྲོང་པའི་དགྲ་དགའ”ཞེས་པའི་ཤོད་སྲོལ་ཡོད། ཀྲུང་གོས་མཛའ་མཐུན་དང་། ལྷག་བསམ། ཕན་སྦྱར། ཁོང་ཡངས་བཅས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས་མཐའ་འཁོར་རྒྱལ་ཁབ་དང་མཛའ་མཐུན་མཉམ་ལས་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་སྟེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་དང་མཐུན་སྒྲིལ་ཡིད་ཆེས་དང་། ཞི་བདེ་ལྷིང་འཇགས། དར་རྒྱས་གོང་འཕེལ། ཁྱིམ་མཚེས་མཛའ་མཐུན། དྲང་གཞག་དྲང་བདེན་བཅས་ཀྱི་ཐུན་མོང་ཁྱིམ་གཞིས་མཉམ་དུ་འཛུགས་པར་གཞོལ་བས། ནེ་པ་ལར་ཕན་པ་ཆེན་པོ་ཐོབ་ཡོད།

     དེང་སྐབས་འཛམ་གླིང་གི་འཕེལ་རྒྱས་དོ་མཉམ་མེད་པས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་རེ་བྱེད་ཀྱི་ཡོད། ཀྲུང་གོས་རང་ངོས་ཡར་རྒྱས་ཀྱི་རྨང་གཞིའི་ཐོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ལས་སྟེགས་བརྒྱུད་ལྷག་བསམ་རྣམ་དག་ངང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་ཧུར་ཐག་བྱེད་པ་དང་། ཆ་རྐྱེན་ཐོལ་པ་གང་ཡང་མ་བཏོན་པར་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ལ་གཞོལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་བ་དེ་མི་རྣམས་ཀྱིས་གུས་བཀུར་ཆེན་པོ་བྱེད་འོས་པ་ཞིག་རེད། དེ་དང་ཆབས་ཅིག་ཀྲུང་གོས་ཕྱི་འབྲེལ་ཐད་རྒྱལ་ཁབ་ཆེ་ཆུང་དང་དབུལ་ཕྱུག་མི་དབྱེ་བར་ཚང་མར་འདྲ་མཉམ་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་སྟོབས་ཆུང་རྒྱལ་ཁབ་ཀྱི་ཁེ་དབང་ལ་སྲུང་སྐྱོང་ཧུར་ཐག་བྱས་ཡོད།

     ངས་ཀྲུང་གོའི་གྲོང་ཁྱེར་མང་པོར་འཚམས་འདྲི་བྱས་པའི་ནང་ནས་བག་ཆགས་ཟབ་ཤོས་ནི་ཀྲུང་གོའི་ས་གནས་ཁག་གིས་ཡོངས་ཁྱབ་ཏུ་འཆར་འགོད་ལ་དོ་སྣང་ཆེན་པོ་བྱེད་པ་དེ་རེད། སྔོན་མ་ངས་ཀྲུང་གོའི་ལོ་ལྔ་རེའི་འཆར་འགོད་ལ་ཆེད་མངགས་ཞིབ་འཇུག་བྱེད་མྱོང་། “ལོ་ལྔ་ཚན་བཅུ་གསུམ་པ”ཡིན་ནའང་འདྲ་ཡང་ན“ལོ་ལྔ་ཚན་བཅུ་བཞི་པ”གང་ཡིན་རུང་འཆར་འགོད་ཁག་རེ་རེ་བཞིན་དོན་འཁྱོལ་བྱུང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་རེ་རེར་གྱུར་ཡོད། ད་ཆ་ཀྲུང་གོས“ལོ་ལྔ་ཚན་བཅོ་ལྔ་པར”ཞིབ་འཇུག་དང་འཆར་འགོད་བྱེད་བཞིན་ཡོད་པས། ཀྲུང་གོས་སླར་ཡང་བརྗིད་ཆེའི་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་འགོད་ངེས་ཡིན་པའི་ཡིད་ཆེས་ཡོད།

     ཀྲུང་གོའི་འཕེལ་རྒྱས་ཀྱིས་ནེ་པ་ལར་གོ་སྐབས་སྦྱིན་ཞིང་། རང་ཉིད་ཀྱང་དེའི་ཁྲོད་ཀྱི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་ཡིན། ད་ལོའི་ཟླ་བ་དྲུག་པར། ཧྥུའུ་ཏན་སློབ་ཆེན་ནེ་པ་ལའི་སློབ་གྲོགས་ལྷན་ཚོགས་བཙུགས་པ་དང་། མིག་སྔར་ནེ་པ་ལར་སློབ་གྲོགས་30ལྷག་ཙམ་བསྡུས་ཡོད། ཁོ་ཚོས་ཅི་འཕྲོས་མོལ་འཕྲོས་བྱེད་སྐབས་ཚང་མ་ཁྱབ་ཁོངས་མི་འདྲ་བའི་ཕུལ་བྱུང་མི་སྣ་ཤ་སྟག་ཡིན་པ་མ་ཟད། ནེ་ཀྲུང་གི་མཛའ་གྲོགས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་པ་ཤེས་རྟོགས་བྱུང་།

     ད་ཆ་ཀྲུང་གོ་འདི་ཉིད་ནེ་པ་ལའི་གཞོན་ནུ་ལོ་ཆུང་མང་པོའི་སེམས་པ་ཕྱོགས་སར་གྱུར་ཡོད། ནེ་པ་ལའི་སློབ་གྲྭ་མང་པོ་ཞིག་གིས་ཀྲུང་གོ་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཕྱི་རྒྱལ་དུ་གཏོང་བའི་གདམ་ག་དང་པོའི་གྲས་སུ་བཞག་པ་དང་། པེ་ཅིང་དང་ཧྲང་ཧའེ་སོགས་འཚམས་འདྲི་བྱེད་སའི་གྲོང་ཁྱེར་དང་པོའི་གྲས་སུ་བཞག་ཡོད། ང་ཚོས་ནེ་པ་ལའི་གཞོན་ནུ་ལོ་ཆུང་ཀྲུང་གོར་ཡུལ་སྐོར་འཚམས་འདྲིར་བསྐྱོད་རྒྱུ་སྒྲིག་འཛུགས་ཧུར་ཐག་བྱེད་ཀྱི་ཡིན། ཁོ་ཚོ་ནི་ནེ་ཀྲུང་མཛའ་གྲོགས་ཀྱི་འབྱུང་འགྱུར་རེད། མི་རབས་ནས་མི་རབས་བར་གྱི་ཐུན་མོང་འབད་བརྩོན་འོག་ནེ་ཀྲུང་འབྲེལ་བ་སྔར་བས་ལེགས་སུ་འགྲོ་བ་དང་ནེ་ཀྲུང་གི་མཛའ་གྲོགས་ནམ་ཡང་མི་འགྱུར་བརྟན་པོར་གནས་ངེས་ཡིན་པའི་ཡིད་ཆེས་ཡོད།