འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་28ཉིན།

༄༅།།རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་གི་གྲོང་ཚོ་ དང་དུད་ཚང་ལ་བསྐུར་མ་འབྱོར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་28ཉིན། 13:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ནི་ཡུལ་མི་ཞིག་གིས་དྲ་ཐོག་ནས་ཉོ་སྒྲུབ་བྱས་པའི་བསྐུར་མ་ལེན་བཞིན་པ།

འདི་ནི་ཡུལ་མི་ཞིག་གིས་དྲ་ཐོག་ནས་ཉོ་སྒྲུབ་བྱས་པའི་བསྐུར་མ་ལེན་བཞིན་པ།

     བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་གི་ཆ་སྙོམས་ས་བབ་སྨི་5373ཟིན་པ་དང་། དེ་ནི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་ཞིག་རེད། ཤང་ནས་རྫོང་གྲོང་བར་སྤྱི་ལེ་70ཡོད་པ་དང་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་ཚོ་6བར་སྤྱི་ལེ་160ཡོད་པ་རེད། དེ་སྔོན་བསྐུར་མ་རྫོང་གྲོང་དང་དེ་བཞིན་ཤང་དང་གྲོང་རྡལ་འགའ་ཞིག་ལ་མ་གཏོགས་འབྱོར་གྱི་མེད་སྟབས། ཡུལ་མིས་བསྐུར་མ་ལེན་པར་རྫོང་གྲོང་དུ་བསྐྱོད་དགོས་ལ་བསྐུར་མ་ལག་འབྱོར་ཐུབ་པར་མ་མཐར་ཡང་ཉིན་ཁ་ཤས་འགོར་གྱི་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་སྦྲག་སྲིད་ཀྱིས་རྫོང་རིམ་པར་ཟོག་འགྲུལ་མཛོད་ཉར་དབྱེ་འབྱེད་དང་སྡེབ་སྐྱེལ་ལྟེ་གནས་བཙུགས་པ་དང་། ཤང་དང་གྲོང་རྡལ་དུ་བརྒྱུད་སྐྱེལ་དྲ་ཚིགས་བཙུགས་པ། གྲོང་ཚོ་རིམ་པར་ཞབས་ཞུའི་ས་ཚིགས་བཙུགས་པ་བཅས་ཀྱི་རིམ་གསུམ་ཟོག་འགྲུལ་མ་ལག་བཙུགས་པ་བརྒྱུད། ཟོག་འགྲུལ་སྐྱེལ་བའི་ཐེངས་གྲངས་གཟའ་འཁོར་རེར་ཐེངས་གཅིག་ནས་གཟའ་འཁོར་རེར་ཐེངས་ལྔ་བར་མང་དུ་ཕྱིན་པ་མ་ཟད། གྲོང་ཚོ་དང་དུད་ཚང་དུའང་འབྱོར་གྱི་ཡོད།