འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་28ཉིན།

༄༅།།ཐེ་རོན་ཕུས་ཀྲུང་གོའི་སློབ་མ་ཁྲི་60ཙམ་ཨ་རིར་ཡོང་ཆོག་ཟེར་བའི་ཐད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་28ཉིན། 14:01】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཚེས་27ཉིན་ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    གསར་འགོད་པ་ཞིག་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཀྲུང་གོའི་སློབ་སྦྱོང་བྱེད་མཁན་སློབ་མ་ཁྲི་60ཙམ་ཨ་རིའི་མཐོ་སློབ་ཏུ་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་ཡོད་དམ།

    གོ་ཅ་ཁུན་གྱིས། སློབ་གསོའི་སྤེལ་རེས་མཉམ་ལས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་དབར་གྱི་འགྲོ་འོང་དང་ཤེས་རྟོགས་ཟབ་ཏུ་འགྲོ་རྒྱུར་ཕན་ཐོགས་ཡོད། ང་ཚོས་ཨ་རི་ཕྱོགས་ཀྱིས་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཀྲུང་གོའི་སློབ་སྦྱོང་བྱེད་མཁན་སློབ་མ་ཨ་རིར་སློབ་སྦྱོང་བྱེད་པར་ཕེབས་པར་དགའ་བསུ་ཞུ་བའི་རྣམ་འགྱུར་དོན་ཐོག་ཏུ་འཁྱོལ་ནས། དོན་མེད་དུ་ཀྲུང་གོའི་སློབ་སྦྱོང་བྱེད་མཁན་སློབ་མར་ཟིང་འཁྲུག་དང་ཞིབ་བཤེར། ཕྱིར་སྐྱེལ་བཅས་བྱེད་མཚམས་བཞག་ནས་ཁོང་ཚོའི་ལུགས་མཐུན་དང་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།