ཨ་ཧྥེ་རི་ཁའི་མི་སྣས་བརྗོད་དོན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་28ཉིན། 14:04】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་ལྷོ་ཨ་ཧྥེ་རི་ཁའི་གྲོང་ཁྱེར་ཕི་རི་ཐོ་རི་ཡ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷོ་ཨ་ཧྥེ་རི་ཁའི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གིས་ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་རྒྱལ་ས་ཕི་རི་ཐོ་རི་ཡར“སྲུང་སྐྱོང་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་བའི་སྐབས་སུ་གོ་ལ་ཧྲིལ་པོའི་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སྟེ། ལྷོ་ལྷོ་མཉམ་ལས་དེ་དྲིས་ལན་ལ་འགྱུར་སྲིད་དམ”ཞེས་པའི་བརྗོད་དོན་གཙོ་བོའི་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། ཚོགས་ཞུགས་སྐུ་མགྲོན་ཚོས་གོ་ལ་ཧྲིལ་པོའི་ཚོང་དོན་མ་ལག་དང་། ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོ་གཞི་གཅིག་ཅན། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ཀྱི་འབྱུང་འགྱུར་སོགས་ལ་གྲོས་བསྡུར་བྱས་པ་རེད།
ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོའི་རང་མོས་ཚོང་དོན་ཁུལ་གྱི་དྲུང་ཆེ་ཝ་མུའུ་ཁའེ་ལཱ·མུའུ་ན་ཡིས། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་སོགས་མཉམ་ལས་ལམ་སྲོལ་ཁྲོད་དུ་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་དང་ཕན་ཚུན་སྦྲེལ་མཐུད་གྱི་ཆུ་ཚད་མཐོ་རུ་གཏོང་རོགས་བྱེད་པ་དེར་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོ་གཞི་གཅིག་ཅན་གྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།
ལྷོ་ཨ་ཧྥེ་རི་ཁའི་ཚོང་དོན་བཟོ་ལས་པུའི་ཚོང་དོན་སིའི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཤའོ་ལེ་ལུའོ་ཝ·མུའུ་ལུའུ་པི—ཕི་ཏེ་ཡིས། ཀྲུང་གོ་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྒོ་ཁྲལ་མེད་པའི་སྲིད་ཇུས་སོགས་བྱ་ཐབས་ཀྱིས་ཨ་ཧྥེ་རི་ཁའི་ཐོན་རྫས་ལ་ཁྲོམ་ར་མཁོ་འདོན་བྱས་པ་མ་ཟད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རང་སའི་རིན་ཐང་འཁོར་འབྲེལ་སྐྲུན་པར་ཕན་ཐོགས་ཡོད། ལྷོ་ཨ་ཧྥེ་རི་ཁས་ཞིང་ལས་དང་རླངས་འཁོར་བཟོ་སྐྲུན་ལས་རིཌ་སོགས་ཁྱབ་ཁོངས་སུ་ཀྲུང་གོ་དང་མཉམ་ལས་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།