འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་28ཉིན།

༄༅།།མཚོ་སྔོན་ཐུན་རིན་རྫོང་ལ་འཛམ་གླིང་གི་བདེན་དཔང་ཟིན་ཐོ་ཁག་གཉིས་ཐོབ་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་28ཉིན། 14:16】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་8ཚེས་21ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ལ་“འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་རེབ་གོང་་‘དྲུག་པའི་གླུ་རོལ་’ འགྲེམས་སྟོན་བྱེད་སྒོ་”དང་“འཛམ་གླིང་གི་ཐང་གའི་སྒྱུ་རྩལ་གཞི་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་”ཞེས་པའི་འཛམ་གླིང་གི་བདེན་དཔང་ཟིན་ཐོ་ཁག་གཉིས་ཐོབ་པ་རེད། དེའི་ནང་“འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་རེབ་གོང་གི་‘དྲུག་པའི་གླུ་རོལ་’འགྲེམས་སྟོན་བྱེད་སྒོའི་”ནང་། རུ་ཁག་22ལ་ཁྱོན་བསྡོམས་མི་གྲངས་2193གྱིས་བརྗོད་བྱ་གཙོ་བོའི་འགྲེམས་སྟོན་རླངས་འཁོར་4དང་གཞོགས་འདེགས་བྱས་ནས་ཁྱད་ཆོས་ལྡན་པའི་འགྲེམས་སྟོན་བྱས་པ་དང་། གཞི་ཁྱོན་དང་རིག་གནས་ཀྱི་རིན་ཐང་དེ་བས་མངོན་གསལ་དོད་པོ་ཡོད་པ་རེད།

    འཛམ་གླིང་གི་ཟིན་ཐོ་གཉིས་བདེ་བླག་ངང་ཁས་ལེན་བྱས་པ་དེ་ནི་ཐུན་རིན་གྲོང་ཁྱེར་གྱི་རིག་གནས་རྨང་གཞི་ཟབ་མོ་ཁས་ལེན་བྱས་པ་ཡིན་པར་མ་ཟད། མི་རིགས་མང་པོའི་རིག་གནས་ཀྱི་དྲན་འཆར་ལྡན་པའི་ས་མཐོའི་གྲོང་ཁྱེར་དེ་འཛམ་གླིང་རིམ་པའི་རིག་གནས་ཀྱི་མིང་བྱང་ལྡན་པའི་རྣམ་པའི་ཐོག་ནས་སྔར་བས་ཡངས་ཤིང་རྒྱ་ཆེ་བའི་རྒྱལ་སྤྱིའི་གར་སྟེགས་དངོས་སུ་བསྐྱོད་པ་མཚོན་ཡོད།

    ཐུན་རིན་ནི་རེབ་གོང་གི་སྒྱུ་རྩལ་འབྱུང་གནས་དང་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་ཡིན་པའི་ཆ་ནས། འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་དང་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཁག་ལྔ་ཡོད་པས། རེབ་གོང་གི་ཐང་ག་འཛམ་གླིང་དུ་སྐད་གྲགས་ཆོད་པའི་མཚོན་བྱེད་ཅིག་ཡིན། ད་ལྟའི་བར་གྲོང་ཁྱེར་ཡོངས་སུ་ཐང་ག་འབྲི་མི་ཁྲི་2.4ལས་བརྒལ་བ་དང་བཟོ་རྩལ་སློབ་དཔོན་དང་རི་མོ་མཁས་ཅན་རིམ་པ་ཁག་སྟོང་ཕྲག་ཁ་ཤས་ཡོད་ཅིང་། ཚད་ལོན་ཡན་གྱི་རི་མོ་ཁང་25དང་བཟོ་ཁང་300ལྷག་ཙམ་གསོ་སྐྱོང་བྱས་ཏེ་ཐུན་མོང་མ་ཡིན་པའི་རིག་གནས་དང་འགྲེམས་མཛོད་ཁང་གི་སྣོད་བཅུད་བསྐྲུན་ནས་རྒྱུན་འཛིན་གྱི་རྨང་གཞི་གཏིང་ཟབ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་དབྱར་མཚོ་རྒྱས་བཞིན་ཡོད།