འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་28ཉིན།

༄༅།།ལས་མིས་སྨན་ཁང་དུ་བསྡད་པའི་ཨ་ཕར་ལྟ་སྐྱོང་དགོངས་པ་ཞུས་པར་ལས་གནས་ལས་ཕུད་པར།
ཁྲིམས་ཁང་གིས་འདི་ལྟར་ཐག་གཅོད་བྱས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་28ཉིན། 14:49】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ལས་མིའི་ཨ་ཕ་གློ་བུར་དུ་ཀླད་པའི་ཁྲག་འགག་ནས་སྨན་ཁང་དུ་བསྡད་པས། ཀུང་སིར་དོན་རྐྱེན་གྱི་དགོངས་པ་ཞུས་པར། ཀུང་སིས་ལས་བྱོལ་བྱས་པར་ཁ་གཡར་ནས་ལས་གནས་ལས་ཕྱིར་ཕུད་པ་རེད། ཉེ་ལམ། ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ངལ་རྩོལ་གན་རྒྱའི་རྩོད་གླེང་གྱོད་དོན་འདི་ལ་དཔྱད་མཚམས་བཅད་པ་དང་། ཀུང་སིས་ཁྲིམས་འགལ་གྱིས་ངལ་རྩོལ་གན་རྒྱ་ཕྱིར་འཐེན་བྱས་པ་དང་། ལས་མི་ལིའུ་ཆེ་གེ་མོར་སྐྱིན་ཚབ་དངུལ་སྤྲོད་དགོས་པར་གཏན་ཁེལ་བྱས།

     ན་ནིང་ཟླ་བ་གཉིས་པར་ཧྥུའུ་ག་གེ་མོའི་ཀུང་སིའི་ལས་མི་ལིའུ་ཆེ་གེ་མོའི་ཨ་ཕ་གློ་བུར་དུ་ཀླད་པར་ཁྲག་རྩ་འགག་པའི་ནད་བྱུང་ནས་སྨན་ཁང་དུ་བསྡད་ཡོད་པས་ལྟ་སྐྱོང་བྱེད་དགོས་པར་བརྟེན། ཀུང་སིའི་ཏིང་ཏིང་མ་ལག་བརྒྱུད་ནས་དགོངས་ཞུ་བྱས་པ་མ་ཟད། ཨ་ཕའི་ནད་ཐོ་དང་སྨན་ཁང་དུ་བསྡད་པའི་འདྲ་པར་ཡར་བསྐུར་བ་རེད། ཧྥུའུ་ག་གེ་མོའི་ཀུང་སིས་ལིའུ་ག་གེ་མོའི་གནང་བ་ཞུ་བའི་རེ་འདུན་དང་ལེན་མ་བྱས་པ་རེད།དེའི་རྗེས་སུ་ཀུང་སིས་ལིའུ་ཆེ་གེ་མོས་བསྟུད་མར་ཉིན་གསུམ་ལས་བྱོལ་བྱས་པ་དང་ཀུང་སིའི་སྒྲིག་སྲོལ་ལམ་ལུགས་དང་འགལ་བར་ཁ་གཡར་ནས་རང་འགུལ་གྱིས་ལས་གནས་ནས་བུད་པར་ཐག་གཅོད་བྱས་པ་དང་། ལིའུ་ཆེ་གེ་མོའི་དབར་གྱི་ངལ་རྩོལ་གན་རྒྱ་མེད་པར་བཟོས་པ་རེད།

     ལིའུ་ཆེ་གེ་མོས་ཀུང་སིའི་ཐག་གཅོད་ལ་མོས་མཐུན་མ་བྱུང་བར། ངལ་རྩོལ་འདུམ་གཅོད་རེ་ཞུ་བྱས་པས་རྒྱབ་སྐྱོར་ཐོབ། ཧྥུའུ་ག་གེ་མོའི་ཀུང་སིས་མོས་མཐུན་མ་བྱུང་བར། ཀྲུའུ་ཧའེ་གྲོང་ཁྱེར་ཏུའུ་མོན་ཁུལ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་པ་དང་། ལིའུ་ཆེ་གེ་མོས་དགོངས་པ་ཞུས་པར་ཆོག་མཆན་མ་ཐོབ་པར་ལས་གནས་སུ་མ་ཡོང་བ་དང་། ཀུང་སིས་སྒྲིག་སྲོལ་ལམ་ལུགས་ལྟར་ངལ་རྩོལ་གན་རྒྱ་མེད་པར་བཟོས་པ་དེ་ཁྲིམས་མཐུན་གྱི་བྱེད་ལས་སུ་གཏོགས་པའི་འདོད་ཚུལ་བཏོན།

     ཞིབ་གཅོད་ཐེངས་དང་པོའི་ཁྲིམས་ཁང་གིས་ཧྥུའུ་ག་གེ་མོའི་ཀུང་སིའི་གཏུག་བཤེར་རེ་ཞུ་ཕྱིར་སློག་བྱས་པ་དང་། ཧྥུའུ་ག་གེ་མོའི་ཀུང་སི་ཡིད་མ་རངས་པར་ཀྲུའུ་ཧའེ་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས། ཀྲུའུ་ཧའེ་འབྲིང་ཁྲིམས་ཁང་གིས་འདྲི་ཞིབ་བྱས་པ་བརྒྱུད། ལིའུ་ཆེ་གེ་མོའི་ཨ་ཕར་གློ་བུར་དུ་ནད་ལྗིད་མོ་བྱུང་བའི་རྐྱེན་གྱིས་དགོངས་པ་ཞུས་པ་དེ་ཚུལ་མཐུན་ཡིན་པས། ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་བྱམས་སྐྱོང་གི་སྲོལ་རྒྱུན་ཀུན་སྤྱོད་བཟང་པོ་དང་མཐུན་པས། ལས་མིའི་ལས་ཁུངས་ཀྱིས་དགོས་ངེས་ཀྱི་བསམ་ཤེས་བྱེད་པ་དང་གཅིག་མཐུན་གྱི་སེམས་པ་འཛིན་དགོས། ལིའུ་ཆེ་གེ་མོས་དོན་རྐྱེན་བྱུང་བའི་གནས་ཚུལ་ཛ་དྲག་འོག་ཀུང་སིའི་གཏན་འབེབས་བྱས་པའི་དགོངས་པ་ཞུ་བའི་འགྲོ་ལུགས་སྒྲུབ་པ་དང་བདེན་དཔང་ཡིག་ཆ་སྤྲད་ཡོད།

     ཧྥུའུ་ག་གེ་མོའི་ཀུང་སིས་རྒྱུ་མཚན་མ་བཤད་པར་ཆོག་མཆན་མ་སྤྲད་པ་དང་། ལས་མི་ལས་གནས་སུ་མ་སླེབས་པའི་རྗེས། རང་འགུལ་གྱིས་གནས་ཚུལ་ཞིབ་བཤེར་མ་བྱས་པར་ཐད་ཀར་ལས་མི་ཕྱིར་ཕུད་པའི་ཐག་གཅོད་བྱས་པ་དེའི་དོ་དམ་དབང་ཆ་སྤྱད་སྟངས་ལ་མངོན་གསལ་གྱིས་ལུགས་མཐུན་གྱི་མཚམས་ལས་བརྒལ་བ་དང་། དེ་ལ་འགྱུར་མེད་དོ་དམ་དང་ཁྲིམས་མཐུན་ལུགས་མཐུན་མིན་པའི་གནད་དོན་ལྡན་ཡོད། དེར་བརྟེན། ཁྲིམས་ཁང་གིས་ཧྥུའུ་ག་གེ་མོའི་ཀུང་སི་དེ་ངལ་རྩོལ་གན་རྒྱ་མེད་པར་བཟོས་པར་ཁྲིམས་ལྟར་འགན་འཁྲི་འཁུར་དགོས།

     མཐར་ཀྲུའུ་ཧའེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གོང་གཏུག་ཕྱིར་སློག་བྱས་ནས་ཐོག་མའི་ཁྲིམས་གཅོད་རྒྱུན་འཁྱོངས་བྱས་པ་རེད།

     ལས་སྒྲུབ་ཁྲིམས་དཔོན་གྱིས་བསྟན་དོན། སྲི་ཞུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་སྤྱོད་བཟང་ཞིག་ཡིན་པ་དང་། ལས་མིས་ནད་གཞི་ཚབས་ཆེན་ཕོག་པའི་ཕ་མར་ལྟ་རྟོག་བྱས་ནས་དགོངས་ཞུ་བྱས་པ་དེ་ཁྲིམས་བཅད་ཀྱི་གུང་གསེང་དུས་ཚོད་ནང་ཚུད་མེད་ཀྱང་དམིགས་བསལ་གནས་ཚུལ་ཡོད་པའི་རྐྱེན་གྱིས་ཐག་གཅོད་བྱེད་དགོས་པའི་སྐབས་སུ་མི་སྤྱོད་སྡེ་ཚན་གྱི་སྒྲིག་སྲོལ་ལམ་ལུགས་བརྩི་སྲུང་ཞུས་ནས་དགོངས་ཞུའི་འགྲོ་ལུགས་གཉེར་བ་དང་མི་སྤྱོད་སྡེ་ཚན་གྱི་མི་སྤྱོད་དོ་དམ་དབང་ཆར་བརྩི་འཇོག་དང་བསམ་ཤེས་བྱེད་དགོས། དེ་དང་ཆབས་ཅིག་མི་སྤྱོད་སྡེ་ཚན་གྱིས་དོ་དམ་དབང་ཆ་སྤྱོད་པའི་སྐབས་ལུགས་མཐུན་དང་། སེམས་བཟང་། ཚད་ལྡན་བཅས་ཀྱི་རྩ་དོན་གཞིར་བཟུང་དགོས་པ་དང་ཁེ་ལས་ཀྱི་དོ་དམ་ལ་ལྡོག་ཕྱོགས་ཀྱི་ལམ་སྲོལ་ལྡན་པའི་ལམ་ལུགས་དགོས་ལ་དེའི་ཐད་མི་ཆོས་ཀྱི་བསམ་པའི་ཁྱབ་ཁོངས་ཀྱང་དགོས་ཞེས་བཤད་པ་རེད།