གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་28ཉིན། 14:51】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
གྲོང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཆབ་མདོ་གྲོང་ཨུད་ཀྱི་སྐབས་གཉིས་པའི་རེས་འཁོར་བཅུ་པའི་སྐོར་ཞིབ་ཏུ་སྒྲིག་བཤེར་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱི་ལས་ཁུངས། གྲོང་ཨུད་རྩ་འཛུགས་པུའུ་བཅས་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱེད་རྒྱུ་དང་། ཁ་རུབ་ཆུས་སྒྲིག་བཤེར་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱི་ལས་ཁུངས། ཁ་རུབ་ཆུས་གྲོང་ཨུད་རྩ་འཛུགས་པུའུ་བཅས་དང་། འཇོ་མདའ་རྫོང་སྒྲིག་བཤེར་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱི་ལས་ཁུངས། མཇོ་མདའ་རྫོང་གྲོང་ཨུད་རྩ་འཛུགས་པུའུ། གོ་འཇོ་རྫོང་སྒྲིག་བཤེར་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱི་ལས་ཁུངས། གོ་འཇོ་རྫོང་ཨུད་རྩ་འཛུགས་པུའུ། བྲག་གཡབ་རྫོང་སྒྲིག་བཤེར་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱི་ལས་ཁུངས། བྲག་གཡབ་རྫོང་གྲོང་ཨུད་རྩ་འཛུགས་པུའུ། སྨར་ཁམས་རྫོང་སྒྲིག་བཤེར་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱི་ལས་ཁུངས། སྨར་ཁམས་རྫོང་གྲོང་ཨུད་རྩ་འཛུགས་པུའུ། མཛོ་སྒང་རྫོང་སྒྲིག་བཤེར་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱི་ལས་ཁུངས། མཛོ་སྒང་རྫོང་གྲོང་ཨུད་རྩ་འཛུགས་པུའུ། དཔལ་ཤོད་རྫོང་སྒྲིག་བཤེར་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱི་ལས་ཁུངས། དཔའ་ཤོད་རྫོང་གྲོང་ཨུད་རྩ་འཛུགས་པུའུ། ལྷོ་རོང་རྫོང་སྒྲིག་བཤེར་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱི་ལས་ཁུངས། ལྷོ་རོང་རྫོང་གྲོང་ཨུད་རྩ་འཛུགས་པུའུ། དཔལ་འབར་རྫོང་སྒྲིག་བཤེར་ཨུ་ལྷན་དང་སྐུལ་ཨུ་ལྷན་གྱི་ལས་ཁུངས། དཔལ་འབར་རྫོང་གྲོང་ཨུད་རྩ་འཛུགས་པུའུ། སྟེང་ཆེན་རྫོང་སྒྲིག་བཤེར་ཨུ་ལྷན་དང་ སྐུལ་ཨུ་ལྷན་གྱི་ལས་ཁུངས། སྟེང་ཆེན་རྫོང་གྲོང་ཨུད་རྩ་འཛུགས་པུའུ། རི་བོ་ཆེ་རྫོང་སྒྲིག་བཤེར་ཨུ་ལྷན་དང་སྐུལ་ཨུ་ལྷན་གྱི་ལས་ཁུངས། རི་བོ་ཆེ་རྫོང་གྲོང་ཨུད་རྩ་འཛུགས་པུའུ་བཅས་ལ་རིམ་སྤོར་ལྟར་སྐོར་ཞིབ་བྱ་རྒྱུ་ཡིན་པ་རེད།
གྲོང་ཨུད་ཀྱི་གྲོང་ཁྱེར་ཕྱོགས་ཡོངས་ནས་ཁྲིམས་ལྟར་སྐྱོང་བའི་ཨུ་ལྷན་གཞུང་ལས་ཁང་དང་། གྲོང་ཨུད་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། གྲོང་ཨུད་ཀྱི་སྤྱི་ཚོགས་ལས་དོན་པུའུ། གྲོང་ཨུད་ཀྱི་དངུལ་འཇོག་སྐུལ་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། གྲོང་ཨུད་ཀྱི་འཕེལ་སྒྱུར་ཨུ་ལྷན་བཅས་ཀྱིས་གྲོང་ཁྱེར་ཕྱོགས་ཡོངས་ནས་ཁྲིམས་ལྟར་སྐྱོང་བ་དང་། བརྟན་ལྷིང་སྲུང་སྐྱོང་ལས་དོན། གཞི་རིམ་བཅོས་སྐྱོང་ལས་དོན། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་“ཡོང་འབབ་གཉིས་”ཀྱི་ལས་དོན་བཅས་ལ་ཆེད་དོན་སྐོར་ཞིབ་བྱ་རྒྱུ་ཡིན་པ་མ་ཟད། འབྲེལ་ཡོད་ཁོངས་མིའི་ཚན་པ་དང་སྦྲེལ་མཐུད་བྱས་ནས་ཆ་རྒྱུས་ཀྱང་བྱ་རྒྱུ་ཡིན་པ་རེད།