གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་23ཉིན། 15:13】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཉེ་བའི་ལོ་ཤས་རིང་། མདོ་ལ་རིང་མོའི་བྱང་འདབས་སུ་གནས་པའི་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་གིས“སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས”ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་འབྲོག་པ་རྣམས་དགུན་དུས་དང་དཔྱིད་དུས་སུ“རི་སྟེང་ནས་རི་གཤམ་དུ་རུ་བ་སྤོས་ནས་འབྲོག་གཡར་རྩྭ་གསོ་བྱེད་པར”སྐུལ་ལྕག་ཧུར་ཐག་བྱས་ཡོད། སྟོན་དུས་དང་དགུན་དུས་སུ་རྫོང་དེའི་ནོར་ལུག་མགོ་གྲངས་ཁྲི་20ལྷག་ཙམ་ཞིང་ཁུལ་གྱི་སོག་མ་མང་བའི་ཞིང་རར་རུ་བ་སྤོས་ནས་ལོ་ཕྱེད་ལ་ཉེ་བའི་རིང་ས་ཆ་གཞན་དུ་འབྲོག་ར་གཡར་བས། རྩྭ་ཐང་སོར་ཆུད་དང་། འབྲོག་ལས་འཕེལ་རྒྱས། ཞིང་པར་འབབ་འཕར། གཉིས་ཁེ་གཉིས་ཕན་བཅས་མངོན་འགྱུར་བྱུང་ཞིང་། འདི་ནི་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་རྟ་རྨིག་བོད་རིགས་ཤང་གི་འབྲོག་པས་ལུག་ཁྱུ་དེད་དེ“རི་སྟེང་ནས་རི་གཤམ་དུ་རུ་བ་སྤོས་ནས་འབྲོག་གཡར་རྩྭ་གསོ་བྱེད་པའི”ལམ་དུ་སྐྱོད་བཞིན་པ།