གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་24ཉིན། 14:07】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་23ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་80པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་དེ་ཨ་རིའི་ཉིའུ་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འགོ་ཚུགས་པ་དང་། དེ་ཉིན་མི་དམངས་ མང་པོ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡི་ཉེ་འགྲམ་དུ་འཛོམས་ཏེ་ཕ་ལེ་སི་ཐན་ལ་རྒྱབ་སྐྱོར་བྱས་ནས་དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་གྱི་ཕ་ལེ་སི་ཐན་མི་དམངས་ཀྱི་རིགས་རྒྱུད་རྩ་མེད་རང་བཞིན་གྱི་དམར་གསོད་གཏོང་རིགས་ལམ་སེང་མཚམས་འཇོག་དགོས་པ་དང་། དབྱི་སི་རལ་གྱིས་དམག་དོན་བྱ་སྤྱོད་སྤེལ་བར་ཨ་རིས་རྒྱུན་མཐུད་ངང་རྒྱབ་སྐྱོར་བྱེད་པར་ངོ་རྒོལ་བྱས་ཡོད།
འདུ་འཛོམས་ལ་ཞུགས་མཁན་གྱིས། ངས་བཤད་འདོད་པ་ནི། ད་ལྟ་པ་ལེ་སི་ཐན་རྒྱལ་ཁབ་ཁས་བླངས་རུང་། པ་ལེ་སི་ཐན་མི་རིགས་རྩ་མེད་དུ་གཏོང་བའི་བྱ་སྤྱོད་བཀག་འགོག་བྱེད་པའི་དོན་དངོས་ཀྱི་བྱ་སྤྱོད་ཅི་ཡང་སྤེལ་མེད། དེ་འདྲའི་བྱ་སྤྱོད་ནི་མཚོན་བྱེད་རང་བཞིན་གྱི་དོན་སྙིང་ཙམ་ལྡན་པ་ལས། དོན་སྙིང་མེད་པའི་བཟང་རྫུ་བསྟན་ཚུལ་ཙམ་རེད་ཅེས་ཟེར་བ་དང་།
ཡང་འཛོམས་ལ་ཞུགས་མཁན་གཞན་ཞིག་གིས། ང་འདིར་ཡོང་དོན་ནི་འཛམ་བུ་གླིང་ཡོངས་ལ། འཛམ་གླིང་ཡོངས་དང་པ་ལེ་སི་ཐན་མི་དམངས་མཉམ་དུ་ལངས་ཡོད། རིགས་རྒྱུད་རྩ་མེད་དུ་གཏོང་བར་ང་ཚོས་རྒྱབ་སྐྱོར་མི་བྱེད། ཨ་རིས་སྔར་བཞིན་མཁའ་རྒོལ་དང་དམར་གསོད་གཏོང་བཞིན་ཡོད། དབྱི་སི་རལ་གྱི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་འདྲ་ཨ་རིས་ཀྱང་སྤེལ་བཞིན་ཡོད་པས་སྔོན་ཆད་དང་ད་ལྟ་གཉིས་་ཀ་གཅིག་པ་རེད་ཞེས་བཤད་འདོད་པ་ཡིན་ཟེར།