ཝང་ཧུའུ་ཉིང་དང་ཚའེ་ཆི་མཇལ་འཕྲད་ལ་ཞུགས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་25ཉིན། 14:54】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཟླ་9ཚེས་23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཝུའུ་ལུའུ་མུའུ་ཆི་རུ་ཤིན་ཅང་གི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་བྱམས་བརྩེའི་མཇལ་འཕྲད་གནང་ནས་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ།
ཟླ་9ཚེས་23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཝུའུ་ལུའུ་མུའུ་ཆི་རུ་ཤིན་ཅང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་མཇལ་འཕྲད་གནང་ནས་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ།
ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ་9ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཤིན་ཅང་གི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་མཇལ་འཕྲད་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིན་ཅང་གི་མི་རིགས་ཁག་གི་བུ་ཕྲུག་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་དབུས་ནས་སྨོན་འདུན་ཞུས་གནང་བ་མ་ཟད། ཚང་མས་སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མཛེས་སྡུག་ལྡན་པའི་ཤིན་ཅང་འཛུགས་སྐྲུན་དེ་བས་ཡག་པོ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
ཞི་ཅིན་ཕིང་སོགས་མཇལ་འཕྲད་གནང་ཡུལ་དུ་ཕེབས་སྐབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་པ་དང་། ཞི་ཅིན་ཕིང་གིས་ཕྱག་གཡུག་གཡུག་གནང་ནས་ཚང་མར་གུས་ལན་གནང་ཞིང་། འཐུས་མི་ཚོ་དང་བྱམས་བརྩེའི་བཀའ་མོལ་ཡང་ཡང་གནང་བ་མ་ཟད། ད་དུང་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
ཞི་ཅིན་ཕིང་གིས་ད་དུང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་འབྲེལ་ཡོད་སྡེ་ཚན་དང་ས་གནས་དང་ཀྲོའུ་དང་གྲོང་ཁྱེར་ཁག་གི་འགན་འཁུར་བློ་མཐུན་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མི་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན།
ཤིན་སྐྱོར་ལས་བྱེད་པའི་འཐུས་མི། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་འཐུས་མི། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་དང་གཞི་རིམ་གྱི་ཆོས་ལུགས་ལས་དོན་གྱི་ལས་བྱེད་པའི་འཐུས་མི་བཅས་སོ་སོར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད།
དེ་ཉིན་ཕྱི་དྲོར། ཞི་ཅིན་ཕིང་གིས་ཝུའུ་ལུའུ་མུའུ་ཆི་རུ་བཅའ་སྡོད་དཔུང་སྡེའི་ཧྲང་ཤའོ་དམག་དཔོན་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་། གཞི་རིམ་གྱི་སྔོན་ཐོན་དཔེ་བཟང་བ་དང་ཞི་བའི་ལས་འགན་འཁུར་མཁན་ཁག་གཅིག་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་ཤིན་ཅང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་མ་ཟད་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
ཝང་ཧུའུ་ཉིང་དང་། ཚའེ་ཆི། ལི་ཀན་ཅེ། ཧོ་ལི་ཧྥུང་། ཝང་ཞའོ་ཧུང་། ཞུའེ་ཁེ་ལའེ་ཐི·ཀྲ་ཁེར། ཧྲེན་དབྱི་ཆིན། ཝང་ཏུང་ཧྥུང་། ལིའུ་ཀྲེན་ལི་བཅས་དང་། ཤིན་ཅང་དུ་ཕྱག་ལས་གནང་མྱོང་བའི་བློ་མཐུན་རྒན་གྲས། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོགས་འབྲེལ་ཡོད་མཇལ་འཕྲད་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།