གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་25ཉིན། 15:01】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་གསོ་གསོ་སྦྱོང་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་རིམ་ཁག་ཏང་ཡོན་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སྒྲིག་གཞིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་སྤེལ་བར་མཛུབ་ཁྲིད་ཚད་ལྡན་བྱེད་ཆེད། ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་དབྱང་ཏང་གི་སློབ་གྲྭ་(རྒྱལ་ཁབ་སྲིད་འཛིན་སློབ་གླིང་།)བཅས་ཀྱིས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་ཚན་མ་ལག་དང་སློབ་ཁྲིད་རྩ་གནད་(ཏང་ཡོན་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་སྤྱོད་པ།)》(གཤམ་དུ《རྩ་གནད་》ཅེས་བསྡུ་རྒྱུ།)སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པ་དང་། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
《རྩ་གནད་》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་“ཁ་གསལ་བཅུ་”དང་། “མཐའ་འཁྱོངས་བཅུ་བཞི་” “ཕྱོགས་བཅུ་གསུམ་ཐད་ཀྱི་གྲུབ་འབྲས་”སོགས་ནང་དོན་གཙོ་བོར་དམིགས་ནས་སློབ་ཚན་ཉེར་དྲུག་བཀོད་སྒྲིག་བྱས་པ་དང་འབྲེལ། སློབ་ཚན་རེ་རེའི་སློབ་ཁྲིད་དམིགས་ཡུལ་དང་། སློབ་ཁྲིད་གཙོ་གནད། སློབ་ཁྲིད་ནང་དོན། སློབ་ཁྲིད་རྣམ་པ། ལྟ་ཀློག་དཀར་ཆག་གཙོ་བོ་སོགས་གཏན་འཁེལ་ཁ་གསལ་བྱས་ཡོད། དེ་ནི་ཏང་ཡོན་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སྒྲིག་གཞིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་ཁྲིད་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་རེད།
ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་དབྱང་ཏང་གི་སློབ་གྲྭ་(རྒྱལ་ཁབ་སྲིད་འཛིན་སློབ་གླིང་།)བཅས་ཀྱིས་བརྡ་ཐོ་བཀྲམ་སྟེ། ས་ཁུལ་ཁག་དང་སྡེ་ཚན་ཁག་དང་རིམ་ཁག་ཏང་ཡོན་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སྒྲིག་གཞིར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་གསོ་གསོ་སྦྱོང་འཆར་གཞི་ལག་བསྟར་ཞིབ་ཚགས་བྱེད་དགོས་ཤིང་། 《རྩ་གནད་》ཀྱི་བླང་བྱ་གཞིར་བཟུང་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་འགྲེལ་བཤད་རྒྱག་ཤུགས་ཆེ་རུ་གཏོང་བ་དང་། རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་སྒྱུར་བཅོས་ཟབ་ཏུ་གཏོང་བ། རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་མ་ལག་འཛུགས་པ་བཅས་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་གསོ་སྦྱོང་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད།