གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་25ཉིན། 15:13】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་24ཉིན། ཨ་རིའི་ཐེ་རོན་ཕུ་སྲིད་གཞུང་གིས་དངོས་སུ་སྤྱི་བསྒྲགས་སྤེལ་ནས་ཨ་རི་དང་ཡོ་རོབ་མནའ་འབྲེལ་དབར་ཚོང་དོན་གྱི་གྲོས་མཐུན་བཞག་པ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཟླ་8ཚེས་1ཉིན་ནས་བཟུང་ཡོ་རོབ་མནའ་འབྲེལ་གྱི་རླངས་འཁོར་དང་དེ་བཞིན་རླངས་འཁོར་ཐོན་རྫས་ནང་འདྲེན་བྱེད་པར་སྒོ་ཁྲལ་15%བསྡུ་རྒྱུ་ཡིན་པ་ཁས་ལེན་བྱས་ཡོད་པ་རེད། ཡིག་ཆའི་ནང་སྨན་རྫས་འདྲེས་སྦྱོར་དང་གནམ་གྲུའི་ལྷུ་ལག་དང་དེ་བཞིན་ནང་འདྲེན་ཚོང་ཟོག་གཞན་དག་ལ་སྒོ་ཁྲལ་རྩ་ཆག་གཏོང་རྒྱུའི་གཏན་འབེབས་ཀྱང་བྱས་ཡོད་པ་རེད།