འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་26ཉིན།

༄༅།།ཙེ་ལན་སི་ཅི་ཡིས་ཡུག་རེན་དང་ཨུ་རུ་སུའི་དབར་གྱི་གདོང་ཐུག་མཇུག་བསྒྲིལ་རྗེས་ཙུང་ཐུང་གི་གོ་གནས་རྩ་དགོངས་ཞུ་རྩིས་ཡོད་ཅེས་བརྗོད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་26ཉིན། 14:37】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ལུའུ་ཐུའོ་གསར་འགྱུར་ཁང་དང་ཨ་རིའི་Axiosགསར་འགྱུར་དྲ་བའི་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཨ་རིའི་གསར་འགྱུར་དྲ་བའི་བཅར་འདྲི་དང་ལེན་བྱེད་སྐབས་ཡུག་རེན་དང་ཨུ་རུ་སུའི་དབར་གྱི་གདོང་ཐུག་མཇུག་བསྒྲིལ་རྗེས་ཙུང་ཐུང་གི་གོ་གནས་རྩ་དགོངས་ཞུ་རྩིས་ཡོད་ཅེས་བརྗོད་པ་དང་། ཁོ་པས་གལ་ཏེ་དམག་མཚམས་འཇོག་པའི་གྲོས་མཐུན་བཞག་ཚེ་ངས་ཡུག་རེན་གྱི་གྲོས་ཚོགས་ལ་ཙུང་ཐུང་འདེམས་བསྐོའི་བླང་བྱ་འདོན་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

     ཉེ་དུས་ཨེ་ཙེ་ལན་སི་ཅི་ཡིས་ཨ་རིའི་ཉིའུ་ཡོག་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་པ་དང་ཡུག་རེན་དུ་མ་ལོག་གོང་ཁོ་པས་Axiosགསར་འགྱུར་དྲ་བའི་ཆེད་དོན་བཅར་འདྲི་དང་ལེན་ཞུས་པ་དང་། གདོང་ཐུག་མཇུག་བསྒྲིལ་རྗེས་ཁོ་པས་རང་ཉིད་ཀྱི་ལས་ཀ་ལེགས་གྲུབ་ཟིན་པའི་ངོས་འཛིན་བྱེད་མིན་སྐོར་འདྲི་སྐབས། ཙེ་ལན་སི་ཅི་ཡིས་“ང་སྲིད་སྟེགས་ནས་བབ་རྩིས་ཡོད།” ངའི་དམིགས་ཡུལ་ནི་དམག་འཁྲུག་མཇུག་བསྒྲིལ་རྒྱུ་དེ་ཡིན་པ་ལས་སླར་ཡང་ཙུང་ཐུང་འདེམས་བཀོད་ལ་ཞུགས་རྒྱུ་དེ་མིན་ཞེས་བརྗོད་ཡོད་པ་རེད།

     ཙེ་ལན་སི་ཅི་ཡིས་ཚེས་23ཉིན་ཐེ་རོན་ཕུའུ་དང་ཐུག་འཕྲད་བྱེད་སྐབས། གལ་ཏེ་དམག་མཚམས་འཇོག་པའི་གྲོས་མཐུན་བཞག་ཚེ་“ང་ཚོས་དུས་ཚོད་དེ་སྤྱད་དེ་ཙུང་ཐུང་འདེམས་བསྐོའི་གྲོས་ཚོགས་ལ་བརྡ་རྟགས་བསྒྲགས་ཆོག་”ཅེས་བརྗོད་པ་དང་། ཙེ་ལན་སི་ཅི་ཡིས། མི་རྣམས་ཀྱིས་མགོ་ཁྲིད་གསར་པ་ཞིག་ལ་དུས་ཡུན་རིང་པོའི་ཞི་བདེ་མངོན་འགྱུར་བྱེད་པར་མཁོ་བའི་ཐག་གཅོད་གལ་ཆེན་ཞིག་བྱེད་རེ་བྱེད་པར་ཁོ་བོར་བསམ་འཆར་མེད་ཞེས་བརྗོད་ཡོད་པ་རེད།