འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་29ཉིན།

༄༅།།ཁོ་རེ་ཡ་ལྷོ་མས་ཀྲུང་གོའི་ཚོགས་སྤྱིའི་ཡུལ་སྐོར་བར་འཐུས་མཆན་
འགོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་29ཉིན། 14:38】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཁོ་རེ་ཡ་ལྷོ་མའི་སྲིད་གཞུང་གིས་ཟླ་9ཚེས་29ཉིན་ནས་སང་ལོའི་ཟླ་6ཚེས་30ཉིན་བར་ཀྲུང་གོའི་ཚོགས་པའི་ཡུལ་སྐོར་བར་ཁོངས་འཛུལ་འཐུས་མཆན་མི་དགོས་པའི་སྲིད་ཇུས་ཚོད་ལྟའི་ངང་ལག་ལེན་བསྟར་རྒྱུ་དང་། སང་ལོའི་ཟླ་6ཚེས་30ཉིན་བར་དོན་འཁྱོལ་བྱ་རྒྱུ་ཡིན་པ་རེད།

     འཐུས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཚོད་ལྟའི་ངང་ལག་ལེན་བསྟར་རིང་། ཀྲུང་གོའི་མི་གསུམ་ཡན་གྱི་ཚོགས་པའི་ཡུལ་སྐོར་བར་ཁོངས་འཛུལ་འཐུས་མཆན་འགོད་མི་དགོས་པར་ཁོ་རེ་ཡ་ལྷོ་མར་བསྐྱོད་ཆོག་པ་མ་ཟད། ཉིན་15བསྡད་ཆོག ཅི་ཀྲོའུ་ས་ཁུལ་དུ་སྔོན་དང་འདྲ་བར་སྒེར་དང་ཚོགས་པའི་ཡུལ་སྐོར་བར་ཁོངས་འཛུལ་འཐུས་མཆན་འགོད་མི་དགོས་པར་ལྷོ་ཁོ་རེ་ཡ་ལྷོ་མར་བསྐྱོད་ཆོག་པ་མ་ཟད། ཉིན་30བསྡད་ཆོག་གི་ཡོད་པ་རེད།