འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་29ཉིན།

ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་གཞན་དག་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རོགས་སྐྱོར་བྱེད་པ།

༄༅།།ཐུན་མོང་ཐོག་བཙན་འཛུལ་ལ་འགོག་རྒོལ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཞི་བདེ་བསྲུངས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་29ཉིན། 16:03】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

འདི་ནི་ཟླ་9ཚེས་2ཉིན“སྦྱོང་བརྡར་མཐར་ཐོན་གྱི་གྲོགས་པོ་ངོ་མ”སྟེ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་པར་རིས་འགྲེམས་སྟོན་ཨུ་རུ་སུའི་ཧྥུའུ་ལ་ཏི་ཝོ་སི་ཐོ་ཁེར་བྱས་པ། ཀུའོ་ཧྥེ་ཀྲོའུ་ཡིས་པར་བརྒྱབ། (ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ)

     འཛམ་གླིང་དམག་ཆེན་གཉིས་པའི་ནང་ཀྲུང་གོས་རི་འགོག་དམག་འཁྲུག་བརྒྱབ་ནས་རི་དམག་གི་གཙོ་ཤུགས་དམག་འབོར་ཆེན་གྱི་ཤུགས་སྐྱིལ་རྒྱུ་མཐའ་འཁྱོངས་བྱས་པ་དང་། རྒྱང་སྐྱོད་དམག་འབར་མར་མངགས་ནས་དམག་འཐབ་བརྒྱབ་པ། མནའ་འབྲེལ་དམག་དཔུང་གི་ཞི་བདེ་རྒྱ་མཚོ་ཆེན་མོའི་གཡུལ་སའི་དམག་འཁྲུག་ལ་རྒྱབ་སྐྱོར་བྱས་པ་མ་ཟད། དུས་མཚུངས་སུ་གཡུལ་ས་མདུན་མའི་དམག་འཐབ་ལ་རོགས་སྐྱོར་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དང་རྒྱབ་ཕྱོགས་འགན་སྲུང་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་རྒྱལ་ཁབ་གཞན་གྱི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རོགས་སྐྱོར་བྱས་ཡོད། ཀྲུང་གོ་མི་དམངས་དང་རྒྱལ་ཁབ་ཁག་གི་དྲང་བདེན་སྟོབས་ཤུགས་ཀྱིས་མཉམ་དུ་འཛམ་གླིང་ཞི་བདེར་སྲུང་སྐྱོང་དང་མིའི་རིགས་ཡར་ཐོན་གྱི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།