ཧྥན་ཅི་མིན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་29ཉིན། 16:07】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ནི་2006ལོའི་ཟླ་7ཚེས་5ཉིན། སྐབས་དེ་དུས་ཧྲང་ཧའེ་རུ་བཅའ་སྡོད་ཧྥ་རན་སེའི་སྤྱི་ཁྱབ་ཁེ་སྐྱོང་བ་ཤུའེ་ཧན་གྱིས་ཧོང་ཐིང་ཤིན་(གཡས་ཀྱི་གཉིས་པ།)གྱི་བྲང་ཁར་“གཟི་བརྗིད་མཚན་སྙན་གྱི་རྟ་པའི་བྱས་རྗེས་གཟེངས་རྟགས་”འདོགས་བཞིན་པ། (
1944ལོར། དབྱིན་ཇིར་ལྟ་སྦྱོང་བྱེད་པར་མངགས་པའི་ལུའུ་ཏུང་ཀེ་དང་། ཀུའོ་ཁྲེང་སེན། ཝང་ཞན་ཆུང་། ཧོང་ཐིང་ཤིན་སོགས་ཀྲུང་གོའི་མཚོ་དམག་གི་སློབ་མ་20ཡིས་སྦྱོང་བརྡར་རབ་དང་རིམ་པ་ལེགས་སྒྲུབ་བྱས་རྗེས་དབྱིན་ཇིའི་གོང་མ་ཚང་མཚོ་དམག་གི་དངོས་ཞབས་དམག་གྲུའི་ནང་བཅུག་ནས་མིང་ཚབ་ལ“བཙན་བདག་བྱ་སྤྱོད”ཅེས་པའི་ནོ་མན་ཏིར་དཔུང་འཇུག་བྱེད་པའི་དམག་འཁྲུག་ལ་ཞུགས་པ་རེད།
1944ལོའི་ཟླ་6ཚེས་6ཉིན་གྱི་ཞོགས་པར། ནོ་མན་ཏིར་དཔུང་འཇུག་བྱེད་པའི་དམག་འཁྲུག་འགོ་ཚུགས་པ་རེད། དེ་ནི་རྙོག་འཛིང་ཧ་ཅང་ཆེ་བའི་ཕྱོགས་བསྡུས་མཉམ་འབྲེལ་དམག་འཐབ་ཅིག་རེད། ཀུའོ་ཁྲེང་སེན་དང་ལུའུ་ཏུང་ཀེ་གཉིས“ཁེན་ཐེ”རྟགས་ཅན་གྱི་མཚོ་སྐོར་དམག་གྲུ་ཆེ་གྲས་ནང་མངགས་ནས་མེ་སྒྱོགས་དཔོན་གཞོན་པ་དང་མེལ་ཚེ་དམག་དཔོན་གཞོན་པའི་འགན་ཁུར་བ་དང་མེ་སྒྱོགས་གཙོ་བོ་རྒྱག་མཁན་ལ་བཀོད་འདོམས་སམ་གཞོགས་འདེགས་བྱས་ཏེ་ཆུའི་ཕར་ངོགས་ལ་ཕར་རྒོལ་བྱས། ཀུའོ་ཁྲེང་སེན་གྱིས་སྒྱོགས་མདེལ་སྟོང་ཕྲག་ཁ་ཤས་འཕེན་གཏོང་བྱེད་པར་བཀོད་འདོམས་བྱས་ཏེ་འཇར་མན་དམག་གི་འགོག་སྲུང་འཛིང་རགས་གཏོར་བ་དང་འབྲེལ། རྗེས་ཀྱི་པུའུ་ལེ་བཀག་སྡོམ་དམག་འཐབ་ནང་འཇར་མན་དམག་གི་སྲོག་སྐྱོབ་གྲུ་གཟིངས་ཆེ་གྲས་1དང་སྐྱེལ་འདྲེན་གྲུ་གཟིངས་4གཏོར་བ་རེད།
དམག་ཆེན་གཉིས་པ་མཇུག་འགྲིལ་རྗེས། ཀྲུང་གོའི་མཚོ་དམག་གི་སློབ་མ་འདི་དག་གིས་ཡོ་རོབ་ཀྱི་གཡུལ་ས་ནས་སྦྱངས་པའི་དངོས་འཐབ་ཉམས་མྱོང་དང་ཆེད་ལས་ནུས་རྩལ་ཁྱེར་ནས་མེས་རྒྱལ་དུ་ལོག 1949ལོར། ལུའུ་ཏུང་ཀེ་དང་། ཀུའོ་ཁྲེང་སེན། ཝང་ཞན་ཆུང་། ཧོང་ཐེན་ཤིན་སོགས་མི་དམངས་མཚོ་དམག་ཏུ་ཞུགས། ཁོང་ཚོའི་ཁྲོད་ནས་ལ་ལས་འཆད་སྟེགས་ཐོག་ནས་མཚོ་དམག་གི་དམག་དཔོན་མི་རབས་གསར་པ་བསྐྱངས། ལ་ལས་དམག་གྲུའི་རུ་ཁག་ཏུ་ཞུགས་ཏེ་མི་དམངས་མཚོ་དམག་གི་མཚོ་འགྲུལ་ཚད་གཞི་དང་འཐབ་རྩལ་མ་ལག་གསར་གཏོད་བྱེད་པར་ཞུགས།
2006ལོའི་ཟླ་7ཚེས་5ཉིན། སྐབས་དེ་དུས་ཧྲང་ཧའེ་རུ་བཅའ་སྡོད་ཧྥ་རན་སེའི་སྤྱི་ཁྱབ་ཁེ་སྐྱོང་བ་ཤུའེ་ཧན་གྱིས་ཧྥ་རན་སེ་སྲིད་གཞུང་གི་ཚབ་ཞུས་ཏེ“གཟི་བརྗིད་མཚན་སྙན་གྱི་རྟ་པའི་བྱས་རྗེས་གཟེངས་རྟགས”བགྲེས་སོང་ཧོང་ཐིང་ཤིན་གྱི་བྲང་ཁར་བཏགས་ནས། ཁོང་གིས་ནོ་མན་ཏི་དང་ཕུའུ་ལུའོ་ཝང་སི་སྐམ་སར་དཔུང་འཇུག་བྱེད་པའི་དམག་འཁྲུག་ནང་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱས་པ་རེད། གཟི་བརྗིད་མཚན་སྙན་དེ་ཧོང་ཐེང་ཤིན་ལ་ཐོབ་པ་ཙམ་མ་ཟད། ཐག་རིང་ཡོ་རོབ་གཡུལ་སར་བསྐྱོད་མྱོང་བའི་ཀྲུང་གོའི་དམག་མི་གཞན་དག་ལའང་ཐོབ་པ་ཞིག་རེད། ཁོང་ཚོས་དཔའ་ངར་ཆེན་པོས་དམག་འཐབ་བྱས་པ་དེ་ནི་ཀྲུང་གོས་འཛམ་གླིང་ཞི་བདེ་དང་མིའི་རིགས་ཡར་ཐོན་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།
(རྩོམ་པ་པོ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་རོགས་ཞིབ་འཇུག་པ།)