འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་30ཉིན།

“གངས་འབྲུག་ཨང་གཉིས་པ”རྟགས་ཅན་བདེ་བླག་ངང་ཧྲང་ཧའེ་རུ་ཕྱིར་ལོག་པ།

༄༅།།རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་འཁྱགས་རོམ་རྒྱ་མཚོ་བྱང་མའི་ཚན་རིག་རྟོག་ཞིབ་ལ་གྲུབ་འབྲས་ཆེན་པོ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་30ཉིན། 09:59】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་9ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་26ཉིན། ཀྲུང་གོའི་འཁྱགས་རོམ་རྒྱ་མཚོ་བྱང་མའི་ཚན་རིག་རྟོག་ཞིབ་རུ་ཁག་གི་ཐེངས་བཅོ་ལྔ་པའི་རུ་མི་100བླུགས་པའི“གངས་འབྲུག་ཨང་གཉིས་པ”རྟགས་ཅན་གྱི་གླིང་སྣེའི་ཚན་རིག་རྟོག་ཞིབ་ཀྱི་དར་གཤག་གྲུ་གཟིངས་བདེ་བླག་ངང་ཧྲང་ཧའེ་རུ་ཕྱིར་ལོག་པ་རེད། རང་བྱུང་ཐོན་ཁུངས་པུས་སྒྲིག་འཛུགས་བྱས་པའི་ད་ཐེངས་ཀྱི་འཁྱགས་རོམ་རྒྱ་མཚོ་བྱང་མའི་ཚན་རིག་རྟོག་ཞིབ་ནི“གངས་འབྲུག་ཨང་གཉིས་པ”རྟཌ་ཅན་དང་། “གླིང་སྣེ”རྟཌ་ཅན། “མཚོ་བྱིང་ཨང་དང་པོ་རྟགསཅན” “འཚོལ་བཤེར་ཨང་གསུམ་པ་རྟགས་ཅན”བཅས་གྲུ་གཟིངས་ཁག་བཞིས་མཉམ་དུ་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། དེ་ནི་རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་འཁྱགས་རོམ་རྒྱ་མཚོ་བྱང་མའི་ཚན་རིག་རྟོག་ཞིབ་ཅིག་ཡིན་པ་རེད།

     ད་ཐེངས་ཀྱི་བྱང་སྣེའི་རྟོག་ཞིབ་ཀྱིས་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་སྤེལ་འཆར་གཞིའི་འབྲེལ་ཡོད་ལས་འགན་སྤྱི་འདོམས་ངང་ལག་བསྟར་བྱས་ནས་འཁྱགས་རོམ་རྒྱ་མཚོ་བྱང་མ་འགྱུར་ལྡོག་མགྱོགས་པོ་འགྲོ་བ་དང་དེ་བཞིན་དེ་ལས་ཤུགས་རྐྱེན་ཐེབས་ཚུལ་ལ་རང་རྒྱལ་གྱི་ངོས་འཛིན་སྔར་བས་ཆེ་རུ་ཕྱིན་ཏེ། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་བསམ་ཤེས་གཏིང་ཟབ་དང་ཁ་གཏད་ནུས་ལྡན་གཅོག་པར་འདེགས་སྐྱོར་གལ་ཆེན་བྱས་ཡོད།