འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་30ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློ་ཆབ་སྲིད་ལས་དོན་སྲོལ་ཡིག》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་30ཉིན། 10:00】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློ་ཆབ་སྲིད་ལས་དོན་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྩི་སྲུང་དང་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱའང་བཏོན་པ་རེད།

     བརྡ་ཐོའི་ནང་བསྟན་དོན། བསམ་བློ་ཆབ་སྲིད་ལས་དོན་ནི་ཏང་གི་སྲོལ་རྒྱུན་བཟང་པོ་དང་། ཁྱད་ཆོས་མངོན་གསལ་དོད་པ། ཆབ་སྲིད་ཀྱི་ལེགས་ཆ་འབུར་དུ་ཐོན་པ་བཅས་རེད། 《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱས་ཏེ། ཏང་གིས་བསམ་བློ་ཆབ་སྲིད་ལས་དོན་ལ་འགོ་ཁྲིད་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་དང་ལྷག་པར་དུ་དུས་རབས་གསར་པའི་བསམ་བློ་ཆབ་སྲིད་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་དང་། བསམ་བློ་ཆབ་སྲིད་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་དང་། ལས་ཀའི་འགན་འཁྲི ནང་དོན་དང་བྱེད་ཐབས། དམིགས་ཚད་ལས་འགན་བཅས་སྔར་བས་ཁ་གསལ་བཟོས་པ་དེར་ཏང་གིས་བསམ་བློ་ཆབ་སྲིད་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། བསམ་བློ་ཆབ་སྲིད་ལས་དོན་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

     བརྡ་ཐོའི་ནང་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས《སྲོལ་ཡིག》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ཐད་དམ་འཛིན་ནན་པོ་བྱས་ཏེ། བསམ་བློ་ཆབ་སྲིད་ལས་དོན་སྤེལ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས《སྲོལ་ཡིག》གི་གཏན་འབེབས་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་དང་སྤྱི་ཡོངས་ཐད་ནས་བསམ་བློ་ཆབ་སྲིད་ལས་དོན་གྱི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་ཚད་མཐོའི་བསམ་བློའི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས་བསམ་བློ་ཆབ་སྲིད་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་བསམ་བློ་ཆབ་སྲིད་ལས་དོན་གྱི་སྣེ་ཁྲིད་ནུས་པ་གང་ལེགས་འདོན་དགོས། ཏང་ཡོན་ཡོངས་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཏང་གཤིས་ཞུན་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས་རང་དཔེ་གཞན་སྟོན་གྱིས་བསམ་བློ་ཆབ་སྲིད་ལས་དོན་སྤེལ་དགོས། བསམ་བློ་ཆབ་སྲིད་ལས་དོན་དཔུང་ཁག་ཡག་པོ་འཛུགས་པ་དང་སྟོབས་ཆེར་བཏང་སྟེ་བསམ་བློ་ཆབ་སྲིད་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས《སྲོལ་ཡིག》ལག་བསྟར་བྱེད་རིང་གི་གནས་ཚུལ་དང་གྲོས་འགོ་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས།