གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་30ཉིན། 13:26】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་9ཚེས་29ཉིན། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱིས་ཟླ་9པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་སྐབས། གསར་འགྱུར་མགྲིན་ཚབ་པ་ལི་ཁྲའོ་ཡིས་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་གསར་པ་སྒོར་དུང་ཕྱུར་5000ལག་ལེན་བསྟར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། ནུས་ལྡན་དངུལ་འཇོག་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བཤད་པ་རེད།
དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་བ་དང་། ནུས་ལྡན་དངུལ་འཇོག་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱིས་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་གསར་པ་དང་འབྲེལ་བ་ཡོད་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་གསར་པའི་གཞི་ཁྱོན་ཁྱོན་སྒོར་དུང་ཕྱུར་5000ཡོད་པ་ཚང་མ་རྣམ་གྲངས་ཀྱི་མ་རྩ་ཁ་གསབ་བྱ་རྒྱུར་སྤྱོད་རྒྱུ་རེད།