གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་30ཉིན། 13:27】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་29ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་2025ལོའི་སྟོན་དུས་དམག་བསྡུ་བཀའ་རྒྱར་མིང་རྟགས་བཀོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཨུ་རུ་སུའི་དྲག་ཆས་སྟོབས་ཤུགས་ཀྱི་སྟོན་དུས་དམག་བསྡུ་ལས་དོན་དེ་ཟླ་10ཚེས་1ཉིན་ནས་ཟླ་12ཚེས་31ཉིན་མཇུག་འགྲིལ་རྒྱུ་ཡིན་པ་དང་། མི་135000བསྡུ་རྩིས་ཡོད་པ་དང་། དམག་བསྡུའི་ལོ་ཚད་ནི་ལོ་18ནས་30བར་གྱི་ཨུ་རུ་སུའི་སྤྱི་དམངས་ཡིན།