འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་9ཉིན།

༄༅།།རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ལས་སྒོ་དྲ་ཐོག་ཏུ་གཉེར་ཚད་70%ལྷག་བརྒལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་09ཉིན། 10:29】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་མི་སྤྱི་པུའུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ནས་བལྟས་ཚེ་སྤྱི་ཚོགས་འགན་བཅོལ་ལས་སྒོ་དྲ་ཐོག་ཏུ་གཉེར་ཚད་70%ལྷག་བརྒལ་བ་དང་ས་ཁུལ་ཁག་གཅིག་ཏུ་90%ཙམ་ཟིན་ཡོད།

     ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་སྤྱི་ཚོགས་འགན་བཅོལ་གྱི་བརྒྱུད་གཉེར་ནུས་པ་ཆེ་རུ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས། མང་ཚོགས་ལ་དེ་བས་སྟབས་བདེ་ལ་མྱུར་བའི་ཞབས་འདེགས་ཞུས་ཡོད། གྲངས་འཛིན་མི་སྤྱི་འཛུགས་སྐྱོང་བྱ་སྤྱོད་ལག་ལེན་བསྟར་ནས། རྒྱལ་ཁབ་ཀྱི་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་དང་ལག་ཐོགས་12333སོགས་ཞབས་ཞུ་སྒྲུབ་ཐབས་ཀྱི་ནུས་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་རང་བཞིན་གྱི་ཞབས་ཞུ་ཁག་161ཤར་གཏོང་བྱེད་པ། ས་ཁུལ་མང་པོ་ཞིག་ཏུ་མང་ཚོགས་ལ་དྲ་ཐོག་ནས་སྤྱི་ཚོགས་འགན་བཅོལ་གྱི་ལས་སྒོ་གཉེར་བདེ་རུ་གཏོང་གང་ཐུབ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རིམ་རྩིས་བརྒྱབ་ན་མང་ཚོགས་མི་ཐེངས་དུང་ཕྱུར་600ལྷག་ཙམ་ལ་དྲ་ཐོག་ནས་ཞབས་འདེགས་ཞུས་ཡོད།

     སྤྱི་ཚོགས་འགན་བཅོལ་ཞབས་ཞུ་དེ་བས་རིག་ལྡན་དང་གནད་སྨིན་ཡོང་བ་བྱ་ཆེད། ས་ཁུལ་ཁག་གིས་རིག་ནུས་ཀྱི་བརྒྱུད་གཉེར་དང་། རིག་ནུས་ཀྱི་ཞིབ་བཤེར། རིག་ནུས་ཀྱི་ཉེན་ཁ་སྔོན་འགོག་སོགས་ཀྱི་བྱེད་སྟངས་ལ་དམིགས་ནས་སྤྱི་ཚོགས་འགན་བཅོལ་ཞབས་ཞུའི་རིག་ནུས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད་ཅིང་། དཔེར་ན། ས་ཁུལ་ཁག་གཅིག་གིས་འདུས་གྲུབ་མི་ཐབས་རིག་ནུས་དང་གྲངས་གཞི་ཆེན་པོའི་ལག་རྩལ་ལས་བྱུང་བའི“སྤྱི་ཚོགས་འགན་བཅོལ་རིག་ལྡན་གཞི་གཅིག་འཕྲུལ་འཁོར”ནས། ཐོབ་ཐང་རང་འགུལ་ངང་ངོས་འཛིན་དང་། ཞབས་ཞུའི་དོན་གནད་སྒྲིག་བཟོ། བརྒྱུད་རིམ་ཧྲིལ་པོར་ཁྲིད་སྟོན་བཅས་བྱེད་པ་དང་། ས་ཁུལ་མང་པོ་ཞིག་གིས“སྤྱི་ཚོགས་འགན་བཅོལ་འཆར་འགོད་པ”ཁྱབ་གདལ་བཏང་སྟེ་རང་གཤིས་ཅན་དང་གནད་སྨིན་ཅན་གྱི་ཞབས་འདེགས་སོགས་ཞུ་ཡི་ཡོད།