གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་09ཉིན། 10:30】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་8པའི་ཟླ་མཇུག་བར། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་རིམ་རྩིས་བརྒྱབ་ན་རྨང་གཞིའི་སྒྲིག་བཀོད་ཀྱི་དུས་ཡུན་རིང་འབྲིང་གི་དངུལ་བུན་སྒོར་དུང་ཕྱུར་ཁྲི་6ལྷག་ཙམ་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་ཐེབས་རྩ་སྒོར་དུང་ཕྱུར་4256བཏང་བ་དང་། དངུལ་ཁང་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ལྷག་གྲངས་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན་བརྒྱ་ཆའི་གྲངས་9མཐོ་རུ་ཕྱིན་ཏེ། མིག་སྔ་དང་ཕུགས་ལ་ཕན་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞིའི་ནུས་པ་ཆེ་རུ་གཏོང་བར་ཕན་པའི་གཙོ་གནད་རྣམ་གྲངས་འབོར་ཆེན་ཞིག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།