གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་09ཉིན། 10:31】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
པའེ་དབྱི་ཧྥེ།
ལམ་ཐིག་གཅིག་ལ་ཡུལ་སྐོར་བྱ་ཡུལ་མང་བ་དང་། མེ་འཁོར་གང་འགྲོའི་སར་ཡུལ་ལྗོངས་ལྟ་རྒྱུ་ཡོད་པ། འགྲུལ་བཞུད་བྱས་པ་དེའང་ཡུལ་སྐོར་བྱས་པ་དང་གཉིས་སུ་མ་མཆིས། “དོམ་ཁྲའི་ཆེད་གཏོང་མེ་འཁོར·ཁྲེང་ཏུའུ་རྟགས་ཅན”གྱི་མེ་འཁོར་ལ་བསྡད་ན་ཉེ་ལམ་གྱི་བྱེ་ཐང་ཆེན་པོའི་ཡུལ་ལྗོངས་ལ་རོལ་ཆོག་ལ། རྒྱང་རིང་གི་གངས་རིའང་གསལ་ལྷམ་མེར་མཐོང་ཐུབ། “རྒྱལ་སྟོན་རིང་གི་ཡ་པུའུ་ལིའི་ཉིན་གཉིས་ཀྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར”ལ་བསྡད་ཚེ། ཉིན་མོ་སྟོན་ཉམས་དོད་པའི་ནགས་རི་སྐོར་ཐུབ་པ་དང་། དགོང་མོ་རྣམ་པར་བཀྲ་བའི་མཁའ་དབྱིངས་ཀྱི་སྐར་ཚོགས་ལ་ལྟ་ཆོག རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་ས་ཆ་མང་པོར་ཡུལ་སྐོར་ཆེད་གཏོང་མེ་འཁོར་བཏང་བས། ཁ་ཐོར་གྱི་ཡུལ་སྐོར་ཐོན་ཁུངས་འབྲེལ་མཐུད་ཐུབ་ཏེ་ཡུལ་སྐོར་བའི་དགོས་མཁོ་དེ་བས་ལེགས་པར་སྐོང་ཐུབ་པ་མ་ཟད། རིག་གནས་ཡུལ་སྐོར་འཕེལ་རྒྱས་ཐབས་ལམ་ཞིག་ཀྱང་གྲུབ་ཡོད།
ས་ཁོངས་གཅིག་བསྒྲལ་ན་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་ཡོད། སྤ་སེ་གཅིག་གིས་རྣམ་པ་སྣ་ཚོགས་སྦྲེལ་བའི་འཛད་སྤྱོད་ཀྱི་འབྲེལ་ཐག་རིང་པོ་མཐུད་ཡོད་ལ། སྤོ་ལོའི་འགྲན་བསྡུར་ཞིག་གིས་ཀྱང་གྲོང་ཁྱེར་མི་འདྲ་བ་དང་འབྲེལ་མཐུད་ཐུབ་ནས་རིག་གནས་ཡུལ་སྐོར་གྱི་འཕར་ཚད་ལ་སྐུལ་འདེད་ཐུབ་ཡོད། མཐོང་རྒྱ་ཆེ་རུ་བཏང་ཚེ་རིག་གནས་ཡུལ་སྐོར་འཕེལ་རྒྱས་དེ་བས་ཆེ་བ་གཏོང་ཐུབ།
སྤྱི་ཡོངས་ལ་དམིགས་ན་ས་ཁོངས་གཅིག་གི་ལེགས་ཆ་མངོན་ཞིང་། ས་གནས་ཁག་གི་ཐོན་ཁུངས་ཀྱི་སྐྱེ་སྟོབས་མི་འདྲ་བས། སྤྱི་ཡོངས་ནས་འགོ་བརྩམས་ན“མི་གཞན་ལ་མེད་པ་རང་ཉིད་ལ་ཡོད་པ་དང་། རང་ཉིད་ལ་མི་གཞན་ལས་ལྷག་པ་ཡོད་པ། རང་ཉིད་ལ་མི་གཞན་ལས་དེ་བས་དམིགས་བསལ་ལྡན་པ”བཅས་ཀྱི་ཚད་བརྒལ་དེ་རྙེད་ཚེ། གཞི་ནས་ཁྱད་པར་ཅན་གྱི་འགྲན་རྩོད་མངོན་ཐུབ། ཡུལ་སྐོར་ཆེད་གཏོང་མེ་འཁོར་ལ་རང་སོ་སོའི་ཁྱད་ཆོས་ཡོད་པས། དེ་ནི་སྟབས་བདེའི་སྒོ་ནས་འདྲ་བཟོ་བྱས་པ་ཞིག་མིན་ཟེར་བའི་གནས་ལུགས་དེ་ལ་ཐུག་ཡོད།
ཁ་ཕྱོགས་ཡང་དག་བཙལ་ནས་མིག་རྒྱང་རིང་དུ་གཏོང་བ་དང་། རང་ངོས་ལ་གཞི་ཚུགས་ནས་ཁྱད་ལྡན་ལ་དམིགས་ཚེ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་སྐྱེ་སྟོབས་ཚད་མེད་མངོན་པ་ཡིན།