འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་9ཉིན།

༄༅།།ཟླ་བ་དང་པོ་ནས་བརྒྱད་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་09ཉིན། 10:32】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་བ་དང་པོ་ནས་བརྒྱད་པའི་བར། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་0.9%འཕར་ནས་འདི་ལོའི་ཟླ་བ་5པ་ཚུན་དུ་ཁེ་ལས་ཀྱི་རིམ་རྩིས་ཁེ་སྤོགས་བསྟུད་མར་ཆག་པའི་རྣམ་པར་འགྱུར་ལྡོག་ཕྱིན་ཡོད། རིགས་དབྱེ་ནས་བལྟས་ན། བཟོ་སྐྲུན་ལས་རིགས་7.4%འཕར་བ་དེ་ཟླ་བ་དང་པོ་ནས་བདུན་པའི་བར་ལས་བརྒྱ་ཆའི་གྲངས་2.6གིས་མགྱོགས་པ་ཡོད་པ་དང་གློག་ཤུགས་དང་། ཚ་ཤུགས། སོལ་རླངས། དེ་བཞིན་ཆུ་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་བཅས་9.4%འཕར་ནས་བརྒྱ་ཆའི་གྲངས་5.5ཡིས་མགྱོགས་པ་ཡོད་པ་རེད།

     ཟླ་བ་དང་པོ་ནས་བརྒྱད་པའི་བར། གཞི་ཁྱོན་ཡན་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་7.2%འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་བརྒྱ་ཆའི་གྲངས་2.5འཕར་བར་སྐུལ་ཁྲིད་བྱས་པ་ནི་སྐུལ་ཁྲིད་ཀྱི་ནུས་པ་ཆེ་ཤོས་ཀྱི་གྲས་ཤིག་རེད། མ་བཅོས་རྒྱུ་ཆའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་འཕར་ཚད་ཅུང་མགྱོགས་པ་དང་། འཛད་རྫས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་ཆག་པ་ནས་འཕར་བར་གྱུར་ཡོད།