གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་09ཉིན། 14:32】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཟླ་10ཚེས་8ཉིན་གསར་འགོད་པས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་གཞུང་ཕྱོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་10ཚེས་4ཉིན་ཀརྨ་རོང་དུ་རྐང་ཐང་ཡུལ་སྐོར་བ་ཚོར་གངས་བབས་པའི་ཤུགས་རྐྱེན་ཐེབས་པར། དིང་རི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྤྱི་བདེ་དང་། མེ་ཟོན། སྨན་བཅོས། མང་ཚོགས་སོགས་སྒྲིག་འཛུགས་བྱས་ཏེ་རྒུད་སྐྱོབ་རོགས་སྐྱོབ་དང་ཞབས་ཞུ་འགན་ལེན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་10ཚེས་7ཉིན་གྱི་དགོང་མོའི་བར་དུ་རྐང་ཐང་ཡུལ་སྐོར་བ་580དང་། ས་གནས་དེ་གའི་སྣེ་ཤན་པ་དང་ གཡག་འཁྲིད་མཁན་སོགས་རྐང་ཐང་ཞབས་ཞུའི་མི་སྣ་300ལྷག་ཙམ་དུས་མཉམ་དུ་བདེ་འཇགས་ངང་ཆུ་སྟེང་གྲོང་རྡལ་དང་དེ་བཞིན་མཐའ་འཁོར་ས་ཁོངས་སུ་འབྱོར་ཞིང་། ལས་དོན་མི་སྣས་རྐང་ཐང་ཡུལ་སྐོར་བ་ཕྱིར་ལོག་པར་གོ་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱེད་བཞིན་ཡོད་པ་རེད། དེ་མིན་རྐང་ཐང་ཡུལ་སྐོར་བ་10ལྷག་ཙམ་བཟའ་བཅའ་དང་སྨན་རྫས། དྲོད་ལེན་དང་དབྱང་རླུང་མཁོ་འདོན་སྒྲིག་ཆས། དྲོད་འཛིན་དང་གྲང་འགོག་གྱོན་ཆས་སོགས་འཁྱེར་མཁན་དིང་རི་རྫོང་གི་རོགས་སྐྱོབ་སྟོབས་ཤུགས་ཀྱི་ཁྲིད་སྟོན་དང་རོགས་རམ་འོག་མདུན་ཕྱོགས་འབྲེལ་གཏུག་བྱ་ཡུལ་དུ་འབྱོར་ཡོད།